གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་རེ་ནེ་ཝར་འཚོགས་པ།
རེ་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཉིན་ཤས་གོང་སུའེ་ཙེར་གྱི་རེ་ནེ་ཝའི་དབན་གོ་ཕོ་བྲང་དུ“ཞབས་ཞུའི་ཚོང་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་སྤེལ་གཏོང་དགོས”ཞེས་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅ་ཀུའེ་ཏེ་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རེ་ནེ་ཝར་རྒྱུན་སྡོད་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོགས་པ་དང་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞི་དང་ཁེ་ལས་སོགས་ཀྱི་མི་140ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ཅ་ཀུའེ་ཏེ་ཡིས། ཞབས་ཞུའི་ཚོང་དོན་ནི་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་ལག་ལེན་བསྟར་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རེ་ནེ་ཝའི་ཕྱོགས་མང་ལས་སྟེགས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་ཞབས་ཞུའི་ཚོང་དོན་གྱི་སྒྲིག་སྲོལ་བཟོ་བ་དང་། གྲངས་འཛིན་གསར་གཏོད་བྱེད་པ། ལྗང་མདོག་ཕྱོགས་སྒྱུར་ཡོང་བ་སོགས་ལ་དམིགས་ནས་ཕྱོགས་ཁག་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བརྗོད།
མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུའི་ལས་ཚབ་དྲུང་ཆེ་མོ་ལེ་ནུའོ་ཡིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་ཚོང་དོན་འཕེལ་རྒྱས་ཚོགས་འདུ་དང་ཀྲུང་གོ་ཕྱོགས་ཀྱིས་ཞབས་ཞུའི་ཚོང་དོན་གྱི་གྲངས་གཞི་བསྡུ་རུབ་དང་། སྲིད་ཇུས་ལ་ཞིབ་འཇུག ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོགས་འདུ་སོགས་ལ་དམིགས་ནས་དགེ་མཚན་ལྡན་པའི་མཉམ་ལས་བྱས་ཡོད་ཅེས་བརྗོད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ཀྲང་ཤང་ཁྲེན་གྱིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་འགྲོ་བ་དང་ཞབས་ཞུའི་ཚོང་དོན་ནང་གཏིང་ཟབ་ཞུགས་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་ཡོད། རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ཐེང་པོ་ཡིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་ཞབས་ཞུའི་ཚོང་དོན་ཚོགས་འདུས་ཁེ་ལས་འབྲིང་ཆུང་གིས་ཀྲུང་གོའི་ཁྲོམ་ར་དང་འབྲེལ་མཐུད་བྱ་རྒྱུར་གོ་སྐབས་གལ་ཆེན་བསྐྲུན་ཡོད་པས། ཞབས་ཞུའི་ཚོང་དོན་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་ཁྲོད་ཀྲུང་གོའི་འགོ་ཁྲིད་པས་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།