དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མི་ཐབས་རིག་ནུས་+”ཀྱི་ནུས་རྒྱུའི་རིན་ཐང་ཆེ་བའི་ལྗོངས་རྣམ་ཁག་51ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-03

    ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི“མི་ཐབས་རིག་ནུས་+” ཀྱི་ནུས་རྒྱུའི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུར། “མི་ཐབས་རིག་ནུས་+”ཀྱི་ནུས་རྒྱུའི་རིན་ཐང་ཆེ་བའི་ལྗོངས་རྣམ་ཁག་དང་པོ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང“གློག་དྲའི་འཆར་འགོད་ཇུས་གཞི་རིག་ནུས་འགྲུབ་བྱེད་དང་དཔྱད་དཔོག”སོགས་ཀྱི་ལྗོངས་རྣམ་ཁག་51ཚུད་ཡོད་པ་རེད།

    དེ་གོང་ཡོངས་བསྒྲགས་བྱས་པའི《“མི་ཐབས་རིག་ནུས་+”ཀྱི་ནུས་རྒྱུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང་། ནུས་རྒྱུ་བཀོལ་སྤྱོད་མགྱོགས་མྱུར་གྱི་ལྗོངས་རྣམ་ལ་མཐུན་རྐྱེན་སྦྱོར་དགོས་ཞེས་བཏོན་ཡོད། ད་ཐེངས་ཡོངས་བསྒྲགས་བྱས་པའི་རིན་ཐང་ཆེ་བའི་ལྗོངས་རྣམ་ཁག་51གིས་ལག་བསྟར་བསམ་འཆར་ནང་བཏོན་པའི་དཔེ་མཚོན་བཀོལ་སྤྱོད་ལྗོངས་རྣམ་ཆེ་གྲས་ཁག་བརྒྱད་ལ་དམིགས་ནས་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་གཞི་ཁྱོན་ཆོག་པའི་འདྲ་བཟོ་དང་ཚོང་ལས་རྣམ་པ་དཔྱད་གཞིར་འཛིན་ཆོག་པའི“མི་ཐབས་རིག་ནུས་+”ཀྱི་ནུས་རྒྱུ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱི་འགྲོས་དཔེ་དབྱིབས་གསར་པ་ཆགས་རྒྱུ་འཚོལ་ཞིབ་བྱས་ནས། ནུས་རྒྱུའི་ལས་རིགས་རིག་ནུས་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།