སྤྱི་བདེ་པུས་ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ལ་སྲུང་སྐྱོང་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་བདེ་པུའི་གསར་འགྱུར་དྲིལ་བསྒྲགས་ཅུས་ཀྱིས་བརྡ་ཐོ་བཏང་ནས། ས་གནས་ཁག་གིས“དུས་བདེ་སྲུང་སྐྱོང་བྱས་ཏེ། ཁྱེད་དང་མཉམ་དུ‘བྱིས་སྲུང’བྱ་སྤྱོད་སྤེལ”བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། བརྙས་བཅོས་འགོག་པ་དང་། གནོད་འཚེ་འགོག་པ། དུག་རྫས་འགོག་པ། ཁ་བསླུས་འགོག་པ། ཆུར་ལྷུངས་པ་འགོག་པ་བཅས་དང་། དེ་བཞིན་འགྲིམ་འགྲུལ་བདེ་འཇགས་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཕྱོགས་བསྡུས་རང་བཞིན་གྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས། ཕྱོགས་ཡོངས་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་དང་། བདེ་འཇགས་འདུ་ཤེས་ཟབ་ཏུ། རང་སྲུང་འཇོན་ཐང་ཆེ་རུ་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།