དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ་ཐེངས་བཅུ་པའི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-03

    ཟླ་5ཚེས་30ཉིན། རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོ་ཐེངས་བཅུ་པའི་ཚོགས་ར་གཙོ་བོའི་བྱེད་སྒོ་དང་རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའ་སྐབས་བཞི་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ནས། ཚན་རྩལ་ལས་དོན་པ་ཡོངས་ལ་དབང་བའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

    སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་གཏོད་ཆེད། ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཚན་རྩལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས་རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའ་སྐབས་བཞི་པ་མཉམ་དུ་དཔྱད་འདེམས་བྱས་ནས། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཁག་གཅིག་ལ་རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་གཟེངས་བསྟོད་རྟཌ་མ་དང་། གཟེངས་རྟགས། གཟེངས་བསྟོད་ལག་ཁྱེར་བཅས་སོ་སོར་སྤྲོད་རྒྱུའི་གཏན་འབེབས་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་ཏེ། བྱ་དགའ་ཐོབ་མཁན་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་སྤྲད་པ་རེད།

    ད་ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པས“‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འབུངས་ཡར་བརྩོན་བྱེད། ཚན་རྩལ་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་པ་དང་། བྱེད་སྒོ་དེ་ནི་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཚན་རྩལ་པུའུ་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།