ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།
“མིག་སྔར་ཡོ་བསྲང”དང“ཡུན་རིང་འཛུགས་པ”གཉིས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“མིག་སྔར་ཡོ་བསྲང”དང“ཡུན་རིང་འཛུགས་པ”གཉིས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གནད་དོན་བཤེར་འདོན་ནན་ཏན་དང་དག་ཐེར་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ། ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཡག་པོ་བཙུགས་ནས། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད།
འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་དངོས་རྟོག་ཞིབ་བྱས་པ།
ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་དུ་ས་གནས་དེ་གའི་ལས་བྱེད་པས་སྔོན་ནས་བརྡ་མི་གཏོང་བར་ཐད་ཀར་གཞི་རིམ་དུ་བསྐྱོད་དེ། “སྨན་བཅོས་འགན་བཅོལ་སྲིད་ཇུས་ལ་རྟོག་ཞིབ་བྱེད་པར་ཁྲོམ་གཞུང་དུ་སྐྱོད་དགོས་པ”དང“གྲོང་མི་ལས་ཀ་གྲོལ་སྐབས་སྡེ་ཁུལ་གྱི་ལས་དོན་པའང་ལས་ཀ་གྲོལ་གྱི་ཡོད་པས། ལས་སྒྲུབ་དུས་ཚོད་ཏག་ཏག་འཁེལ་གྱི་མེད་པ”སོགས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་སྣ་ཚོགས་བསྡུ་ལེན་བྱས་པ་རེད། སྣང་ཚུལ་དེ་དག་ལ་གཞིགས་ནས། མུའུ་ཏན་ཅང་གྲོང་ཁྱེར་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱིས་གང་མགྱོགས་གཅིག་འཐུས་རྣམ་པའི་སྐར་ཁུང་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་ཏེ། འཚང་གཡོལ་ལས་སྒྲུབ་དང་དུས་འགྱངས་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས་འགན་བཅོལ། དམངས་སྲིད། ཤེས་ལྡན་པ་སྐོར་སྐྱོད་སོགས་དམངས་འཚོའི་ལས་སྒོ་གཅིག་སྡུད་ཐོག་གཉེར་བ་རེད།
སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅན་དབྱང་གྲོང་ཁྱེར་གྱིས་འགན་ནུས་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པ“སྐར་ཁུང”དུ་གདན་དྲངས་ཏེ། “དཔྱད་གཞིའི་འགག་སྒོ་དང་། ལས་རིམ་གྱི་འགག་སྒོ ཞབས་ཞུའི་འགག་སྒོ”བཅས་སུ་ལས་དོན་སྒྲུབ་རིང་ཐོན་པའི་མི་མངོན་པའི་འགལ་རྐྱེན་ཤེས་སུ་བཅུག་ནས། མང་ཚོགས་ཀྱི་ལས་སྒྲུབ་ཉམས་ལེན་རྒྱུན་མཐུད་ལེགས་སུ་བཏང་བ་རེད། ཁེ་ལས་ཀྱིས་བཏོན་པའི་ཞབས་ཞུའི་གྲོན་དངུལ་གཏོང་སྤྲོད་རྗེས་སུ་ལུས་པའི་གནད་དོན་ལ་དམིགས་ནས། ཅན་དབྱང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཞབས་ཞུའི་གྲོན་དངུལ་དག་ལས་ཀའི་ཉིན་1ནང་སྤྲོད་དུ་བཅུག་པ་རེད། ཧུང་ཡོན་གྲོང་རྡལ་གྱིས་སྐར་ཁུང་གི་འགུལ་རྣམ་བཀོད་སྒྲིག་ལམ་སྲོལ་བཙུགས་ནས་མང་ཚོགས་ལ་ལས་སྒྲུབ་ཀྱི་སྟབས་བདེ་བསྐྲུན་པ་རེད།
ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་གྱིས་སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་སྤེལ་བ་དང་འགོ་ཁྲིད་ལས་བྱེད་པ་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་བཅར་འདྲི་དང་བཞུགས་མོལ་བྱས་ཤིང་། སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་12345སོགས་བརྒྱུད་དེ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱས་པ་རེད། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲུའུ་རིམ་པའི་ལས་བྱེད་པ་37འཐབ་ས་དང་པོར་མངགས་ཏེ། མི་རེས་ཡིག་བསྐུར་ངོ་བཅར་གྱི་དཀའ་གནད་3ནས་4བར་ཐག་གཅོད་བྱེད་འགན་ཁུར་དུ་བཅུག་ནས་གནད་དོན་ཐག་གཅོད་ཐུབ་པར་སྐུལ་འདེད་བཏང་བ་རེད།
རང་འགན་ཐེག་པ་ཁུར་ལེན་གྱིས་དཀའ་གནད་བསལ་བ།
“དཔོན་གསར་གྱིས་དཔོན་རྙིང་གི་ལས་མཇུག་མི་སྐྱོང་བའི”མངོན་གསལ་དོད་པའི་སྣང་ཚུལ་དང་གཏིང་ཟབ་པའི་འགལ་ཟླའི་གནད་དོན་ལ་དམིགས་ཏེ། ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་གྱིས་ཆེད་དོན་བྱ་སྤྱོད་སྤེལ་ནས་རྩིས་ཐོ་རྙིང་པ་གཙང་སེལ་དང་། དམངས་འཚོར་ཕན་པ་འདོགས་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་དང་། གྲོང་ཁྱེར་རིམ་པའི“འགན་ཁུར་ཕོད་པའི”རྣམ་གྲངས་ཁག་དང་པོ་ཁ་གསལ་བཟོས་པའི་ནང་། གྲོང་ཁྱེར་གསར་བརྗེས་དང་། བེད་མེད་ཐོན་ཁུངས་ཕན་སྒྱུར་བྱེད་པ། འགྲོ་ལམ་རིམ་སྤོར་དང་སྒྱུར་བཀོད། ཁེ་ལས་དང་འབྲེལ་བའི་ཞིབ་བཤེར་ཚད་ལྡན་དུ་གཏོང་བ་སོགས་ཕྱོགས་མང་པོའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཚུད་ཡོད་པས། “རྣམ་གྲངས་གཅིག་ལ་སྲིད་ཇུས་གཅིག”གི་འགག་སྒྲོལ་ཇུས་གཞི་བཟོས་ནས། ལོ་རྒྱུས་ཀྱི་འཕྲོ་ལུས་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱས་པ་རེད།
ཁྲུང་ཆིང་གྲོང་ཁྱེར་ཐུང་ནན་ཆུས་ཀྱིས་ཞིབ་བཤེར་བྱེད་ཀྱིན་བཅོས་སྒྲིག་དང་འཕྲལ་སྒྲུབ་འཕྲལ་བཅོས་མཐའ་འཁྱོངས་ཀྱིས་འབྲེལ་གཏུག་ཞབས་ཞུའི་ལས་དོན་ཁྲོད་ཀྱི་ཞན་ཆ་བཤེར་འདོན་ཧུར་ཐག་བྱས་པ་རེད། གུང་གསེང་རིང་བྱིས་པར་ལྟ་སྐྱོང་བྱེད་དཀའ་བའི་གནད་དོན་ལ་དམིགས་ནས། སྡེ་ཚོགས་གྲོང་ཨུད་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་འོག བཅོལ་ཉར་ཞབས་ཞུའི་ས་ཚིགས་ཁག་27བཙུགས་ནས་སྤྱི་ཕན་དགེ་རྒན་དཔུང་ཁག་བཀོད་སྒྲིག་གིས་ཐུན་མོང་ཐོག་ཁྱད་ལྡན་སློབ་ཚན་བཏོད་ཡོད།
སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་ཕུགས་ཕན་ཡོང་བར་བྱས་པ།
ཅང་ཤིས་ཞིང་ཆེན་རུའེ་ཁྲང་གྲོང་ཁྱེར་གྱིས་གྲོང་ཁྱེར་དོ་དམ་འགོ་ཁྲིད་ཚན་ཁག་གི་འགན་འཁུར་བ་གཙོ་བོར་འགྱུར་ལྡོག་བྱུང་ཚེ་རྩིས་སྤྲོད་རྩིས་ལེན་བྱེད་ཐབས(ཚོད་ལྟའི་ལག་བསྟར)བཏོན་ནས་གསལ་ཐོ་ཅན་དང་། བརྒྱུད་རིམ་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་དམ་འཛིན་བྱ་གཞིར་བྱས་ཏེ། ཕྱོགས་ཡོངས་ནས་རྩིས་སྤྲོད་རྩིས་ལེན་གྱི་མ་ལག་དང་གདུབ་ཟུམ་དོ་དམ་ལམ་སྲོལ་བཙུགས་ནས། གཙོ་གནད་ལས་འགན་བརྟན་པོའི་ངང་བར་བརྒལ་དང་འབྲེལ་མཐུད་གང་ལེགས་ཐུབ་པར་བྱས་ཏེ། བཙན་ཞིང་ནན་པའི་ལམ་ལུགས་ལ་བརྟེན་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་ཡོད།
ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱིས་མིག་སྔར་ལག་ལེན་བསྟར་བཞིན་པའི་ལམ་ལུགས་དང་ལམ་སྲོལ་ཁྲོད་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བཅོས་དོར་གྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ལ་དོགས་ཟོན་དང་ཡོ་བསྲང་ནུས་ལྡན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཨུ་ཁྲེང་ཆུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལས་བྱེད་པའི་སྲིད་དོན་ལས་རྗེས་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། ཡུལ་བབ་དང་བསྟུན་ནས་དཔྱད་ཞིབ་ཀྱི་དམིགས་ཚད་དང་དབང་ཚད་བཟོས་ཏེ། ཐང་གཤོངས་ཀྱི་ཤང་གྲོང་དང་། གྲོང་ཁྱེར་གྱི་ཁྲོམ་གཞུང་། རི་ཁུལ་གྱི་ཤང་བཅས་རིགས་ཆེན་པོ་གསུམ་ལ་དབྱེ་ཡོད། དེ་དང་ཆབས་ཅིག འཐབ་ས་དང་པོའི་ལྟ་ཞིབ་པའི་དཔུང་ཁག་བཙུགས་ནས་ཐོན་ལས་ཀྱི་རྣམ་གྲངས་དང་། ལས་གྲྭའི་ས་ཡུལ་དངོས། དམངས་ཕན་བྱ་བ་དངོས་སོགས་ལ་དུས་བཀག་བཞིན་དུ་བསྒར་རྒྱན་རྣམ་པ་དང་གནས་སྡོད་རྣམ་པའི་ཞིབ་བཤེར་དང་ཞིབ་དཔྱད་བྱས་ཏེ་གྲངས་གཞིའི་དོན་དངོས་རང་བཞིན་དང་། ལས་ཀའི་དངོས་ཕན་རང་བཞིན། མང་ཚོགས་ཀྱི་ཐོབ་སྣང་བཅས་གཙོ་གནད་ཐོག་ར་སྤྲོད་བྱས་པ་དང་། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་གནད་དོན་ཡོད་རིགས་དུས་ཐོག་ཏུ་ཡོ་བསྲང་བྱས་པ། དངོས་འཛིན་དངོས་སྒྲུབ་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་རིགས་ལ་དུས་ཐོག་ཏུ་བྱ་དགའ་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།