དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྲ་བཞི་གྲོང་གསར་སྡེ་ཁུལ་གྱིས།

    གཅེས་སེམས་ཞབས་ཞུས་རྒན་རྒོན་སེམས་པ་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    སྡེ་ཁུལ་གྱི“རྒན་གཅིག་གཞོན་གཅིག”གི་གཅེས་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྔར་བས་ཟབ་ཏུ་གཏོང་བ་དང་། རྒན་རྒོན་ཞབས་ཞུའི་ས་ཚིགས་ཀྱི་ཞབས་ཞུའི་འཐབ་ས་བརྟན་དུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་འཁྲིས་སུ་སྙིང་ཉེའི་དམངས་ཕན་ཞབས་འདེགས་ཞུས་ཏེ་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲ་བཞི་ཁྲོམ་གཞུང་གྲ་བཞི་གྲོང་གསར་སྡེ་ཁུལ་གྱིས་མའོ་ཚང་ཞབས་བཅོས་ཁང་དང་སཱ་མེ་མཛེས་བཟོ་སོགས་གཅེས་སེམས་ལྡན་པའི་ཚོང་དུད་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོར་རིན་པ་མི་དགོས་པར་སྐྲ་བཞར་བ་དང་རྐང་འཁྲུད་སེན་བཏུབ་སོགས་ཀྱི་དམངས་ཕན་ཞབས་ཞུ་བསྒྲུབས་པ་རེད།

    བྱེད་སྒོར་ཞུགས་མཁན་རྒན་རྒོན་ཚོས། གྲ་བཞི་གྲོང་གསར་སྡེ་ཁུལ་དུ་གཉེར་བའི་དམངས་ཕན་ཞབས་ཞུ་ཧ་ཅང་ཡག་པོ་འདུག རང་ཁྱིམ་གྱི་སྒོ་རྩར་རིན་པ་མི་དགོས་པར་སྐྲ་བཞར་བ་དང་རྐང་འཁྲུད་སེན་བཏུབ་སོགས་འཚོ་བའི་དཀའ་ངལ་ཆུང་ཙག་ཁ་ཡོད་ལག་ཡོད་ཀྱིས་ཐག་གཅོད་བྱས་པས། སྡེ་ཁུལ་གྱི་དྲོ་སྐྱིད་དང་ཐུགས་ཁུར་ཟབ་མོ་ཚོར་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ད་ཐེངས་ཀྱི་དམངས་ཕན་གཅེས་སྐྱོང་ཞབས་ཞུས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒན་བཀུར་དང་། རྒན་གཅེས། རྒན་རོགས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་ལག་ལེན་བསྟར་ཏེ། རྒན་རྒོན་ཚོར་དྲོ་སྐྱིད་དངོས་འབྲེལ་ཚོར་བར་བྱས་པ་དེས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། སྡེ་ཁུལ་དང་གྲོང་མིའི་བར་གྱི་འབྲེལ་བའང་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།