ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ།
ཏ་ཐུང་ཕི་ཁ་རླངས་འཁོར་གྱིས་ཇ་ལོ་འཚོང་བར་རམ་འདེགས་བྱས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་དམིགས་བསལ་གྱི“ཕྱུག་འགྱུར་རོགས་ཟླ”ཁག་གཅིག་འབྱོར་བ་སྟེ། ཧྲང་ཧའེ་རླངས་འཁོར་ཚོགས་པའི་ཏ་ཐུང་ཀུང་སིས“སྐར་ཚོམས་འཆར་གཞི”བརྒྱུད་ཡུལ་དེའི་ཇ་འདེབས་ཞིང་པར་སྐར་ཚོམས་Lརྟགས་ཅན་ཕི་ཁ་རླངས་འཁོར་གསར་རྐྱང་5རྩིས་སྤྲད་ཡོད། མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཁེ་ལས་ཀྱི་སྟོབས་ཤུགས་ལས་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་མཐའ་མའི་འགག་གནད་ལེགས་པར་བསལ་ཞིང་། འཁོར་རིགས་ཀྱིས་རྐང་ཐང་གི་ཚབ་བྱས་ནས་རི་ཁུག་གི་ཇ་ལོ་བཟང་པོ་ཉིན་དེ་རང་ལ་ཕྱིར་དབོར་ཏེ་གོ་ལ་ཧྲིལ་པོར་འཚོང་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “སྐར་ཚོམས་འཆར་གཞི”ནི་ཧྲང་ཧའེ་རླངས་འཁོར་ཚོགས་པའི་ཏ་ཐུང་ཀུང་སིས་སྤྱི་ཕན་ཐེབས་རྩ་སྒོར་ཁྲི་1500བཏང་བའི་ཆེད་དོན་ཞིང་སྐྱོར་བྱ་སྤྱོད་ཅིག་ཡིན་ལ། ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱིས་ཞིང་པར་དམིགས་ནས་བཙུགས་པའི་ཐོན་ལས་ཀྱི་མཐུན་རྐྱེན་སྦྱོར་བའི་ཐེབས་རྩ་ཞིག་ཀྱང་རེད།
2025ལོའི་ཟླ་9པར། ས་ཚིགས་དང་པོ་ཡུན་ནན་ལན་ཕིང་དུ་འཆར་གཞི་དེ་འགོ་བཙུགས་པ་དང་། ད་རེས་མེ་ཏོག་ས་ཚིགས་སུ་ལག་ལེན་བསྟར་བ་ལས་འཆར་གཞི་དེ་མཐའ་མཚམས་མི་རིགས་ས་ཁུལ་དུ་ལག་བསྟར་གང་ལེགས་བྱུང་བ་མཚོན་ཡོད། གཞན་ཡང་། ཧྲང་ཧའེ་རླངས་འཁོར་ཚོགས་པའི་ཏ་ཐུང་ཀུང་སིས་མེ་ཏོག་གི་གྲོང་གསེབ་དར་རྒྱས་བྱ་གཞག་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་ཆེད། མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དེར“སྐར་ཚོམས་ཞིང་སྐྱོར་གདོང་ལེན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།