དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་ཁག་དང་པོ་རྡོག་ཐོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    འདི་ནི་ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་གཡོད་དབྱང་དུ་བསྐྱོད་ནས་འཚམ་མཐུན་རང་བཞིན་གྱི་གསོ་སྦྱོང་བྱེད་ཡུལ་ཡིན་པ།

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་2026ལོའི“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་ཁག་དང་པོ་རྡོག་ཐོན་བྱེད་པའི་མཛད་སྒོ་འཚོགས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་32ཀྱིས་ཕུགས་འདུན་དང་སྤྲོ་སེམས་བཅངས་ནས་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་དུ་ལས་ཞུགས་ལས་གཏོད་ལ་བསྐྱོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས་ཐེམ་ཁུངས་ཟངས་རི་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། སྲིད་ཇུས་སྒྲོག་འགྲེལ་དང་། ལས་རིགས་མཛུབ་ཁྲིད། ས་གནས་ས་ཐོག་ཏུ་ལྟ་སྐོར། ལས་གྲབས་དངོས་སྦྱོང་སོགས་རྣམ་པ་སྣ་ཚོགས་བརྒྱུད། གཞོན་ནུ་སློབ་མ་གཡོད་དབྱང་དུ་སྐྱོད་པ་དང་། གཡོད་དབྱང་ལ་རྒྱུས་ལོན། གཡོད་དབྱང་དུ་གཞི་ཚུགས་པ་བཅས་ལ་རམ་འདེགས་བྱས་ཡོད།

    མཐོ་སློབ་སློབ་ཐོན་སློབ་མ་32གཡོད་དབྱང་དུ་འབྱོར་རྗེས། དུས་ཡུན་གཟའ་འཁོར་གཅིག་རིང་ལྗོངས་ཕྱིའི་ལས་ཞུགས་དང་འཚམ་མཐུན་རང་བཞིན་གྱི་གསོ་སྦྱོང་དང་ལེན་བྱས་པ་དང་། གསོ་སྦྱོང་ནང་གཡོད་དབྱང་གི་ཡུལ་སྲོལ་གོམས་གཤིས་དང་། ལས་ཞུགས་ལས་གཏོད་སྲིད་ཇུས། ལས་རིགས་སེམས་ཁམས་སྙོམས་སྒྲིག ཚོང་དོན་གུས་སྲོལ། དེ་བཞིན་གཞུང་ཡིག་འབྲི་སྟངས་སོགས་ཀྱི་སློབ་ཚན་ཚུད་ཡོད།

    ཟངས་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་རྫོང་དཔོན་གཞོན་པ། གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཕོང་ཏན་གྱིས། ས་མཐོ་ནས་ཐོན་ཏེ་གནམ་ས་གསར་པ་བཏོད་པ་དང་ལས་ཞུགས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་ནི། དུས་རབས་གསར་པའི་བོད་ཀྱི་གཞོན་ནུ་ཚོས་བཀག་རྒྱ་ལས་སྒྲོལ་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། བྱ་གཞག་གཏོད་པ་བཅས་ཀྱི་གོ་སྐབས་ཤིག་ཡིན་ལ། འཚར་ལོངས་ཡོང་བ་དང་ཕ་ཡུལ་ལ་དྲིན་ལན་འཇལ་བའི་ཐབས་ལམ་ནུས་ལྡན་ཞིག་དེ་བས་ཀྱང་རེད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཡོད་དབྱང་དང་ཟངས་རི་ས་གནས་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་ཁྲོམ་རའི་འཕེལ་ཕྱོགས་ལ་དམིགས་ཏེ“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་ནས། ས་ཁོངས་སྒྲོལ་བའི་མཉམ་ལས་དང་། གནད་སྨིན་སྦྲེལ་མཐུད། གཙོ་གནད་ཁྲིད་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད། ལྷོ་ཁའི་གཞོན་ནུ་དེ་བས་མང་བ་བློ་ཁོག་ཆེན་པོས་ཕྱིར་བསྐྱོད་དེ་མདུན་ལམ་བཟང་པོ་གཏོད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་པ་རེད། 2023ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་གཡོད་དབྱང་གྲོང་ཁྱེར་གྱིས་ལྷོ་ཁར་ལས་ཞུགས་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་པ་དང་། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་150ལྷག་ཙམ་གཡོད་དབྱང་དུ་ལས་ཞུགས་བྱེད་པར་བསྡུས་ཤིང་། མིག་སྔར་ལྷོ་ཁའི་གཞོན་ནུ་94གཡོད་དབྱང་དུ་ལས་ཞུགས་བརྟན་པོ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།