དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་མཐོ་ལྕོག་རྣམ་པའི་འོད་དྲོད་རྣམ་གྲངས་ཐོག་མ་གོ་རིམ་ལྡན་པའི་ངང་སྐྲུན་པ།

    ཉི་འོད་ཤེལ་ལེབ་15927ཚང་མ་སྒྲིག་སྦྱོར་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    འདི་ནི་བོད་ལྗོངས་གསར་སྤེལ་མ་འཇོག་གི་100MWཡི་མཐོ་ལྕོག་རྣམ་པའི་འོད་དྲོད་གློག་ཁང་གི་གྲལ་བསྟར་འགྲིག་པའི་ཉི་འོད་ཤེལ་ལེབ་ཡིན་པ།

    ཉེ་ཆར། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་པའི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་ཀྱི་མཐོ་ལྕོག་རྣམ་པའི་འོད་དྲོད་རྣམ་གྲངས་ཐོག་མ་སྟེ། བོད་ལྗོངས་གསར་སྤེལ་མ་འཇོག་གི་100MWཡི་མཐོ་ལྕོག་རྣམ་པའི་འོད་དྲོད་གློག་ཁང་གི་ཉི་འོད་གཏན་ཕོག་ཤེལ་ལེབ་15927ཚང་མ་སྒྲིག་སྦྱོར་ཟིན་པ་རེད། དེ་ཐོག་ནས་འཛམ་གླིང་རིམ་པའི་ལས་གྲྭ་འདི་ཉིད་དྲ་སྦྲེལ་གློག་འདོན་གྱི་དམིགས་ཚད་ཕྱོགས་སུ་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།

    རྣམ་གྲངས་གནས་ཡུལ་དུ་ལོ་རེའི་ཉི་འོད་ཕོག་ཡུན་ཆུ་ཚོད་2800ལྷག་ཙམ་ཟིན་པས། ཉི་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། སྨི་ངོས་གྲུ་ཁྲི་80ཙམ་ཡོད་པའི་ཤེལ་ལེབ་ཐང་དེ་ནི་འོད་སྟོང་འཕྲོ་བའི་རྒྱ་མཚོ་ཞིག་དང་གཉིས་སུ་མ་མཆིས་ཤིང་། གལ་སྲིད་མཁའ་དབྱིངས་ནས་ཐུར་དུ་བལྟས་ཚེ། རྣམ་གྲངས་ཁུལ་ཧྲིལ་པོ་ཉི་མ་མེ་ཏོག་ཆེན་པོ་རབ་ཏུ་བཞད་པ་ལྟར་སྣང་། བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུའི་གཙོ་གནད་རྣམ་གྲངས་དང་བོད་ཀྱི་ཆན་ཝ་ཁྲི་75ཟིན་པའི་འོད་དྲོད་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་གློག་ཁང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་20.37བཏང་བ་དང་། སྔོན་ཐོན་གྱི་འོད་དྲོད་ལག་རྩལ་སྤྱད་པ་མ་ཟད། ཉི་འོད་གཏན་ཕོག་ཤེལ་ལེབ་15927སྒྲིག་སྦྱོར་བྱས་ཡོད།

    རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་དམངས་འཚོའི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ལ་ཐོག་མཐའ་བར་གསུམ་དུ་སྣང་ཆེན་བྱས་ལ། ཚ་ལའི་བཟོ་པ་དང་། གློག་བཟོ་བ། ཉི་འོད་གཏན་ཕོག་ཤེལ་ལེབ་སྒྲིག་སྦྱོར་བཟོ་པ་སོགས་ལ་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། སྔོན་དཔག་བྱས་ན་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་1.18ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ནས། ས་གནས་དེ་གའི་ཞིང་འབྲོག་པར“ངལ་རྩོལ་ལ་བརྟེན་ནས་འབབ་འཕར་ཡོང་བ་དང་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི”འགན་ལེན་གྱིས། ཡུལ་ཕྱོགས་གཅིག་འཕེལ་རྒྱས་དང་ས་ཕྱོགས་གཅིག་ལ་སྐུལ་ཁྲིད་ཐུབ་པའི་དམིགས་ཚད་དངོས་འབྲེལ་མངོན་འགྱུར་ཐུབ་རྒྱུ་རེད། གློག་ཁང་བསྐྲུན་རྗེས་ལོ་ལྟར་དཔྱ་ཁྲལ་སྒོར་དུང་ཕྱུར་0.1འཇལ་ཐུབ་རྒྱུ་དང་སྤྱོད་ཡུན་ཧྲིལ་པོར་དཔྱ་ཁྲལ་སྒོར་དུང་ཕྱུར་2.5འཇལ་ཐུབ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་ཤིན་ཏུ་མཐོ་བ་དང་། དྲོད་ཚད་ཤིན་ཏུ་དམའ་བ། ལྷགས་པ་ཆེན་པོ་ཡང་ཡང་རྒྱག་པ། གློག་དྲའི་ཁོར་ཡུག་ཞན་པ་བཅས་ཀྱི་ཁོར་ཡུག་འོག་སྒྲིག་ཆས་ཀྱི་འཁོར་སྐྱོད་དང་སྲུང་སྐྱོང་གི་དཀའ་གནད་སེལ་ཆེད། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པས་ཉེར་སྤྱོད་རིག་ནུས་ཚོད་འཛིན་མ་ལག་གསར་གཏོད་བྱས་ནས་དྲ་སྦྲེལ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་མ་ཟད། “གློག་དྲ་ཆུང་གྲས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་མཐོ་ལྕོག་རྣམ་པའི་འོད་དྲོད་གློག་ཁང་གི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད”ཀྱི་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་། ལག་རྩལ་གསར་ཤོས་བེད་སྤྱད་པ་བརྒྱུད། མཐོ་གྲང་དང་ས་བབ་མཐོ་བའི་འོད་དྲོད་གློག་ཁང་གི་སྤྱོད་ཡུན་ཧྲིལ་པོའི་ལག་རྩལ་འཁོར་འབྲེལ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། ས་བབ་མཐོ་བའི་འོད་དྲོད་གློག་ཁང་གི་གེགས་འགོག་རང་བཞིན་དང་འཁོར་སྐྱོད་ཀྱི་བློས་འཁེལ་ཚད་རྩ་བའི་ཆ་ནས་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།