དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དང་། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། མང་ཚོགས་ཀྱི་བཟའ་བཏུང་བདེ་ཐང་ལ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་བློ་འདྲིའི་སྟེགས་བུ་བཙུགས་ནས་འཚོ་བའི་ནང་གི་དཔེ་མཚོན་དང་ཟུང་འབྲེལ་གྱིས་དུས་ཚོད་ཡོལ་བའི་བཟའ་བཅའ་དང་མེད་པ་གསུམ་གྱི་བཟའ་བཅའ་དབྱེ་བ་འབྱེད་སྟངས་དང་། བཟའ་བཏུང་གི་རྒྱུན་ཤེས། ཁེ་དབང་སྲུང་སྐྱོང་བྱེད་སྟངས་སྐོར་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། མང་ཚོགས་ཀྱི་དོགས་གནད་ལ་ལན་ནན་ཏན་བརྒྱབ་པ་དང་ཟས་སྤྱོད་སྤང་བླང་ཐད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་ཤིང་། འདི་ནི་སྡེ་ཁུལ་གྱི་དང་བླངས་པས་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།