དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཐོན་ལས་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱས། ལས་ཞུགས་ཀྱིས་ཐོན་ལས་ལ་སྐུལ་འདེད་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ས་ངན་ཤར་ལུང་ལྗང་མདོག་ཞིང་འབྲོག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གིས་སྒོར་པོ་གྲོང་ཚོའི་ལས་མིར་གླ་ཆ་སྡེབ་གཅིག་ཏུ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ད་ཐེངས་ཁྱོན་ཡུལ་མིའི་དུད་ཚང་13ལ་གླ་ཆ་སྒོར་ཁྲི་21.44ལྷག་ཙམ་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་དེས་དུས་ཡུན་རིང་པོའི་ནང་སྒོར་པོ་གྲོང་ཚོའི་ལོ་18ནས་ལོ་45བར་གྱི་ངལ་ནུས་ཡོད་པའི་གཞོན་ནུ་དང་དར་མ་ཐག་ཉེ་ས་ནས་ལས་ཀར་བསྡུ་གི་ཡོད་པ་དང་། ཁོང་ཚོས་གཙོ་བོ་ཞིང་ཆུ་གཏོང་བ་དང་། སྡོང་ཕྲུག་ར་བར་སྡོང་ཕྲུག་འཛུགས་པ། དེ་བཞིན་ནགས་སར་གཡོག་བྱེད་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་ཅིང་། འདི་ནི་ས་ངན་ཤར་ལུང་ལྗང་མདོག་ཞིང་འབྲོག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གིས་ལས་མིར་གླ་ཆ་སྤྲོད་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།