དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས།

    གློག་བརྒྱུད་གཏོང་གི་འགྲོ་གྲོན་གང་བྱུང་དུ་བསྡུ་རིགས་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་འགུལ་ངང་འགན་འཁྲི་ཁུར་ནས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་དང་མཉམ་དུ་གློག་བརྒྱུད་གཏོང་གི་འགྲོ་གྲོན་ལ་ཆེད་དོན་བཅོས་སྒྲིག་དང་བྱ་ཐབས་ནན་པོས་གློག་རིན་གང་བྱུང་བསྡུ་རིགས་བཅོས་སྒྲིག་བྱས་ནས་དམངས་ཕན་གྱི་གློག་རིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད།

    ཕྱོགས་མང་པོའི་སྡེ་ཚན་གྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཐུན་སྦྱོར་བཅོས་སྒྲིག་གི་རྨང་གཞི་བརྟན་པོ་བཏིང་ཞིང་། བཅོས་སྒྲིག་གི་ལས་དོན་སྤེལ་རིང་འགན་ནུས་ཚན་པ་ཁག་གིས་སྲིད་ཇུས་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་། ཁྲིམས་སྒྱུར་བ་སྒྲིག་འཛུགས་བྱས་ནས་གློག་རིན་གྱི་ཆེད་དོན་སྲིད་ཇུས་སློབ་སྦྱོང་། ཁྲིམས་སྒྱུར་གྱི་ཚད་གཞི་གཅིག་གྱུར་བཟོ་བ་བཅས་བྱས་ནས་ཁོངས་གཏོགས་ཀྱི་ལྟ་འདོམས་འགན་འཁྲི་ནན་དུ་བཏང་ཡོད། སྡེ་ཚན་ཁག་གིས་བཅོས་སྒྲིག་གི་འཆིང་རྒྱ་མེད་པར་བཟོ་བ་དང་ལྟ་འདོམས་ཀྱི་ཞན་ཆ་བསལ་ནས་གློག་བརྒྱུད་གཏོང་གི་མངོན་གསལ་ཆེ་བའི་ཟང་ཟིང་གི་རྣམ་པར་བཅོས་སྒྲིག་གནད་སྨིན་བྱས་ནས་གློག་སྤྱོད་ཐད་ཀྱི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་བརྡ་ལན་ཞུས་ཏེ་གློག་རིན་འགན་ལེན་གྱི་དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་པ་རེད།

    དྲིལ་བསྒྲགས་ཁྲིད་སྟོན་ཧུར་ཐག་བྱས་ནས་ཕྱི་གསལ་ནང་གསལ་གྱི་ཁྲོམ་རའི་ཁོར་ཡུག་བཏོད་ཅིང་། ལས་དོན་སྤེལ་རིང་འབྲེལ་ཡོད་ཀྱི་སྨྱན་སྦྱོར་ལས་སྟེགས་ལ་གང་ལེགས་བརྟེན་ནས་གློག་བརྒྱུད་གཏོང་གི་འགྲོ་གྲོན་བསྡུ་སྟངས་ཚད་ལྡན་དུ་གཏོང་བའི་ཆེད་དོན་སྤྱི་བསྒྲགས་སྤེལ་ཏེ། ཁྲིམས་མཐུན་གྱི་གློག་རིན་ཚད་གཞི་དང་གྲོན་བསྡུའི་དམར་ཐིག་ཁ་གསལ་བཟོས་ནས་ཞུ་གཏུག་ཐེར་འདོན་དང་ཁེ་དབང་འགན་སྲུང་ཐབས་ལམ་ཡོངས་བསྒྲགས་བྱས་པ་རེད། དྲ་ཐོག་དང་དྲ་ཕྱིར་རིན་གོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དུས་གཅིག་ལ་ཁྱབ་གདལ་བཏང་ནས་སྡེ་ལས་དང་ཚོང་ལས་སྒྲིག་གཞི་སོགས་གློག་བརྒྱུད་གཏོང་བྱེད་པོའི་ཁྲིམས་སྲུང་གི་ཡིད་རྟོན་གཉེར་སྐྱོང་ལ་ཁྲིད་སྟོན་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་ནང་མང་ཚོགས་ཞུགས་པར་སྐུལ་སློང་བྱས་ནས་མཉམ་བཅོས་མཉམ་སྤྱོད་དང་། ཚད་ལྡན། གོ་རིམ་ལྡན་པའི་གློག་རིན་བསྡུ་སྟངས་ཤིག་བཏོད་ཡོད།

    ས་ཁོངས་ཧྲིལ་པོར་གྲལ་བཤེར་གནད་སྨིན་བྱས་ཏེ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཆད་པ་ནན་པོ་བཅད་ཅིང་། ཁྲིམས་སྒྱུར་བས་ཚོང་ལས་ཁུལ་ཆུང་དང་། ཕྱོགས་བསྡུས་ཚོང་ལས་ཁང་། བོགས་གཏོང་ཁང་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ལེབ་བཤེར་བྱས་ཏེ་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་གདིང་གཞི་གསལ་པོ་ཤེས་པར་བྱས་པ་མ་ཟད། 12315དང་12345སྲིད་དོན་ཞབས་ཞུའི་ཐད་འབྲེལ་ཁ་པར་དང་དྲ་རྒྱའི་གླེང་ཕྱོགས་ཀྱི་ཁུངས་སྣེར་བརྟེན་ནས་མང་ཚོགས་ཀྱི་ཞུ་གཏུག་དུས་ཐོག་ཏུ་ཐག་གཅོད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།