གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་འཛུགས་སྐྲུན་རིགས་གཅིག་མཁས་ཅན་ཚོས།
ཟངས་རི་རྫོང་དུ་ཨར་ལས་བདེ་འཇགས་སྤུས་ཚད་ཀྱི་ཆེད་དོན་སྐོར་ཞིབ་དང་ལས་ སྒོའི་གསོ་སྦྱོང་བྱས་པ།

འདི་ནི་གཡོད་དབྱང་གྲོང་ཁྱེར་གྱི་འཛུགས་སྐྲུན་ཐད་ཀྱི་བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་དཔྱད་ཆས་ལ་བརྟེན་ནས་རྩིག་པའི་གཞི་གྲངས་འཇལ་བའི་གནས་ཚུལ་ཡིན་པ།
ཉེ་ཆར། གཡོད་དབྱང་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གི་སྤྱི་འདོམས་མཐུན་སྦྱོར་འོག གཡོད་དབྱང་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་བསླབ་པ་རྒན་པའི་རིགས་གཅིག་མཁས་ཅན་ཚོགས་པ་མངགས་ནས། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་ཨར་ལས་བདེ་འཇགས་སྤུས་ཚད་ཀྱི་ཆེད་དོན་སྐོར་ཞིབ་དང་ལས་སྒོའི་གསོ་སྦྱོང་བྱས་ཤིང་། “སྒོ་རྩར་བསྐྱོད་དེ་བརྟག་བཅོས་བྱེད་པ་དང་བྱེད་སྟངས་བསླབས་པར”བརྟེན་ནས་ས་མཐོའི་ལས་གྲྭ་འཛུགས་སྐྲུན་ལ“རྨང་གཞི་བརྟན་དུ་གཏོང་བའི་ཐབས་མཆོག”བསླབས་ཏེ། ས་གནས་དེ་གའི་ལས་གྲྭ་འཛུགས་སྐྲུན“ཉམས་མྱོང་དོ་དམ”ནས“ཚད་ལྡན་དོ་དམ”བར་རིམ་འཇུག་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་མངག་བཀོད་ཅན་གྱི་གསོ་སྦྱོང་གཉིས་འཁོར་ཟུང་སྒུལ་ཤུགས་ལ་བརྩིས་ནས་ཟངས་རི་རྫོང་གི་ལས་གྲྭ་འཛུགས་སྐྲུན“ཚད་ལྡན་བཅོས་སྒྲིག”ཕྱོགས་སུ་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་སྟེ། ལག་རྩལ་བོད་སྐྱོར་དང་རིག་སྟོབས་བོད་སྐྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བར་བྱས་ནས། ཟངས་རིར་ནམ་ཡང་གནས་ཐུབ་པའི་ས་མཐོའི་འཛུགས་སྐྲུན་གྱི“དམག་ཧྲག”སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།