དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསྟན་པས་ས་ཡུལ་དངོས་སུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལྟ་བཤེར་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-03

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོ་དང་། སློབ་གསོ་གྲོང་སྤྱི་གླིང་། དབྱང་སྐྱིད་ལྡུམ་རའི་ཁུལ་ཆུང་། སྣེའུ་ཁུལ་གསར་ཅིན་ཏི་ཐང་ཆེན། སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཡེར་པ་གྲོང་ཚོའི་གཙང་འགྲམ་སོགས་སུ་ཕེབས་ནས་ས་ཡུལ་དངོས་སུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལྟ་བཤེར་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    བསྟན་པ་ས་ཆ་གང་དུ་ཕེབས་རིམ་བཞིན་གནད་དོན་གྱི་འབྱུང་རྐྱེན་དང་གནད་དོན་གྱི་འགག་རྩ་དང་། དེ་བཞིན་དག་ཐེར་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    བསྟན་པས་ནན་བཤད་གནང་དོན། ལྟ་ཞིབ་དང་དག་ཐེར་ལས་དོན་ཡག་པོ་སྒྲུབ་པ་ནི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ནང་དོན་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་ཁ་གསལ་བཟོས་ནས། དག་ཐེར་དམིགས་ཚད་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་གཏན་འཁེལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཚུལ་གྱི་དག་ཐེར་དང“བརྒྱ་ཁ་གཅིག་གཅོད”སྔོན་འགོག་བྱེད་པ། བྱེད་སྟངས་དང་བྱེད་ཐབས་ལ་དོ་སྣང་བཅས་བྱས་ཏེ་དག་ཐེར་དངོས་དང་ཡག་པོ་ཐུབ་པར་བྱེད་དགོས། “མིག་སྔའི་དག་ཐེར”དང“ཡུན་རིང་འཛུགས་སྐྱོང” ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་ཕྱོགས་བསྡུས་ཇུས་འདོན་དང་། དག་ཐེར་ཇུས་གཞི་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “གྲལ་བཤེར་དང་། དག་ཐེར། ཞིབ་བཤེར་རྩིས་ལེན། སྲ་བརྟན”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་དོ་དམ་མ་ལག་སྐྲུན་པ་བཅས་བྱེད་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་ས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ནུས་བཀོད་པ་འཆར་འགོད་བྱེད་པ་དང་། ཆུ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཆར་ཆུ་དང་བཙོག་ཆུ་ལོགས་འདྲེན་དང་། གད་སྙིགས་བསྡུ་འདྲེན། འཛེར་སྒྲ་དོ་དམ་ཚོད་འཛིན་སོགས་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ཁོར་ཡུག་སྐོར་གྱི་རེ་ཞུར་རང་འགུལ་ངང་ལན་རྒྱག་པ་དང་། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ། སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁྱིམ་གཞིས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།