དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མཚོ་སྔོན་གྱི་ཐོན་རྫས་ཡག་པོ”ཧྲང་ཧའེ་ཡི“ལྔ་པའི་ལྔའི་ཟོག་ཉོའི་དུས་ཆེན”ལ་འཚོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-06-02

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོར་མཚོ་སྔོན་གྱི་ཐོན་རྫས་ཡག་པོ་ཧྲང་ཧའེ་ཡི“ལྔ་པའི་ལྔའི་ཟོག་ཉོའི་དུས་ཆེན”ལ་འཚོང་བའི་བྱེད་སྒོ་ཟླ་5ཚེས་28ནས་ཟླ་6ཚེས་3ཉིན་བར་ཧྲང་ཧའེ་རུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོས“ཁུ་ནུའི་ཐོན་རྫས་ཡག་པོ·ཕུའུ་ཅང་དུ་འཚོང་བ” བརྗོད་དོན་གཙོ་བོར་བྱས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཧྲང་ཧའེ་མཚོ་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་དང་ཧྲང་ཧའེ་འཛད་སྤྱོད་རོགས་སྐྱོར་མནའ་འབྲེལ་དང་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། “ལྔ་པའི་ལྔའི་ཟོག་ཉོའི་དུས་ཆེན”གྱི་རྒྱལ་ཁབ་རིམ་པའི་འཛད་སྤྱོད་འདུ་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཁྱད་ལྡན་འགྲེམས་ཁུལ་ཆེན་པོ་བཞི་ལྟེ་བར་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ལས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་ས་མཐོའི་ལྗང་མདོག་སྤུས་ལེགས་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྩེར་སོན་འཛད་སྤྱོད་ཁྲོམ་རར་སྦྲེལ་མཐུད་གནད་འཁེལ་ཡོང་བར་སྐུལ་འདེད་བཏང་སྟེ། “མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་འཁོར་རྒྱ་ལས་བརྒལ་བར་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།