དབན་ཧྲོའུ་རྒྱལ་སྤྱིའི་བདེ་འཇགས་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་29ཉིན། ཀྲུང་གོ་མི་དམངས་ཞི་བདེ་བརྩོན་ལེན་དང་དམག་མི་ཉུང་འཕྲི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དབན་ཧྲོའུ་རྒྱལ་སྤྱིའི་བདེ་འཇགས་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་པེ་ཅིང་དུ་ཚོགས་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ཕྱོགས་སྒྱུར་དང་བསྐྱར་བཟོ་བྱེད་རིང་གི་གོ་ལ་ཧྲིལ་པོའི་བདེ་འཇགས་སྒྲིག་ལམ”ཞེས་པ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཞིང་། རྒྱལ་ཁབ་30ལྷག་ནས་ཡོང་བའི་རྒྱལ་སྤྱིའི་བདེ་འཇགས་གནད་དོན་གྱི་རིགས་གཅིག་མཁས་ཅན་50ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཧའེ་ཤིང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་གནང་སྟེ། གོ་ལ་ཧྲིལ་པོའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་ཐུན་མོང་བདེ་འཇགས་ཀྱི་འདུ་ཤེས་འཛུགས་པ་དང་། ཕྱོགས་བསྡུས་བདེ་འཇགས་ཀྱི་རྩ་དོན་ལག་ལེན་བསྟར་བ། མཉམ་ལས་བདེ་འཇགས་ཀྱི་ཐབས་ལམ་ནན་སྲུང་། རྒྱུན་མཐུད་ཆོག་པའི་བདེ་འཇགས་ཀྱི་ཁ་ཕྱོགས་བརྟན་སྲུང་བཅས་བྱས་ཁར། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་མཉམ་དུ་ལག་ལེན་བསྟར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།