དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསོན་ཤུགས་ཁེངས་བཞིན་འཚར་ལོངས་བྱུང་། ཕུགས་འདུན་དོན་གཉེར་མདུན་སྐྱོད་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲང་ཅི།   |     སྤེལ་དུས།  2026-06-02

    “ཏང་དང་མི་དམངས་ཀྱི་གསར་བརྗེའི་བུ་ཕྲུག་ཡག་པོ་ཞིག་བྱས་ནས་རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་རྒྱུག་དགོས” “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ལོ་ཆུང་བྱིས་པ་འཚར་ལོངས་ཡག་པོ་དང་འཇོན་ཐང་ཅན་དུ་འགྱུར་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    ཏང་གི་བྱ་གཞག་ལ་མི་རབས་ནས་མི་རབས་བར་རྒྱུན་མཐུད་ནས་འབད་འཐབ་བྱེད་དགོས་པ་དང་། གསར་བརྗེའི་རི་ཀླུང་ལ་རྒྱུན་འཛིན་པ་ཡོད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་ངེས་པར་དུ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས། ལེ་དབར་བརྒྱ་ཡི་ས་ནས་ཡོང་སྟེ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་ནས་དད་སེམས་བརྟན་དུ་གཏོང་བ་ནས་གསར་བརྗེའི་རིག་གཞུང་ཞིབ་སློབ་ཀྱིས་དད་སེམས་ཚོར་བར་བྱེད་པའི་བར་དང་། སྐེ་དར་དམར་པོའི་འཆད་འགྲེལ་པ་ནས་དང་བླངས་པ་ཆུང་ཆུང་བྱེད་པའི་བར། “ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན”བྱ་རྒྱུ་དེ་དེང་རབས་ཀྲུང་གོའི་ལོ་ཆུང་བྱིས་པའི་མཚོན་རྟགས་མངོན་གསལ་དོད་ཤོས་སུ་གྱུར་ཡོད།

    ལོ་ཆུང་བྱིས་པ་གསོ་སྐྱོང་ཡག་པོ་བྱེད་པ་ནི་འཐབ་ཇུས་ཀྱི་ལས་འགན་ཞིག་དང་ཕུགས་དང་འབྲེལ་བ་ཡོད་པ་ཞིག་རེད། སློབ་གྲྭར་ཚན་རིག་ཁྱབ་གདལ་གཏོང་བ་དང་། ངལ་རྩོལ་ངེས་སྦྱོང་སློབ་ཚན་དུ་གྱུར་པ། ལུས་རྩལ་སློབ་ཚན་འདང་ངེས་འཚོག་པ་སོགས་སྐྱོན་བྲལ་ཡར་ཐོན་གྱི་ཁོར་ཡུག་སྐྲུན་པ་དང་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་གསོ་སྐྱོང་བྱས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ཤེས་བྱ་དང་འཇོན་ཐང་ཆེ་རུ་གཏོང་བ། བློ་སྟོབས་དང་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པ་བཅས་བྱས་ཚེ། གཞི་ནས་བྱིས་པ་རྣམས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྒྱུན་འཛིན་པ་དང་འབྱུང་འགྱུར་གྱི་གཙོ་ཤུགས་དམག་ཏུ་འགྱུར་ཐུབ།

    འབྱུང་འགྱུར་ནི་དེང་གི་ལོ་ཆུང་བྱིས་པ་ཚོས་གསར་གཏོད་བྱེད་དགོས། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་གསོན་ཤུགས་ཀྱིས་ཁེངས་བཞིན་འཚར་ལོངས་ཡོང་བ་དང་ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱས་ཚེ། རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་རྒྱུག་མཐུད་འགྲན་བསྡུར་ནང་ཡག་པོ་ཞུགས་ཐུབ་ལ་དེ་བས་འོད་སྟོང་འབར་བའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།