ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།
སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་དཀའ་གནད་སེལ་བ་དང་དངོས་ཕན་དོན་གཉེར་བྱེད་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་དམིགས་ཚད་འཛིན་ཕྱོགས་དང་གནད་དོན་འཛིན་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱས་ཡོད།
དོན་དངོས་དང་ཟུང་འབྲེལ་བྱས་ནས་དངོས་བཤེར་དང་དག་ཐེར་ཏན་ཏིག་བྱས་པ།
སློབ་སྦྱོང་སློབ་གསོའི་རིང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཏང་ཙུའུ་ཡིས“ལྟ་བསྡུར་གསུམ”གྱི་བླང་བྱ་གཞིར་བཟུང་། གནད་དོན་བཤེར་འདོན་གྱི་གསལ་ཐོ་དང་དག་ཐེར་བཅོས་སྒྲིག་གི་རྩིས་ཁྲ་བཟོས་ནས་འགན་འཁྲི་དང་ལེགས་སྒྲུབ་དུས་བཀག་རིམ་པ་བཞིན་ཁ་གསལ་བཟོས་ཡོད། སྤྱི་ཚོགས་ཚན་རིག་ཁང་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་གིས་ཁོངས་གཏོགས་ཚན་པའི་གནད་དོན་བཤེར་འདོན་གྱི་གསལ་ཐོ་དང་དག་ཐེར་བཅོས་སྒྲིག་གི་རྩིས་ཁྲར་ཞིབ་བཤེར་ནན་ཏན་བྱས་ཏེ། གནད་དོན་བཤེར་འདོན་གཏིང་ཟབ་དང་དོན་དངོས་དང་མི་མཐུན་པའི་རིགས་མཐའ་གཅིག་ཏུ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། ཆེད་དོན་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ཁོངས་གཏོགས་ཚན་པ་ཁག་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཡོད་པ་རེད།
ཧྲན་ཏུང་ཅི་ནན་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི་སྐོར་ཞིབ་དང་། རྩིས་བཤེར་ལྟ་སྐུལ། ཡིག་འབུལ་ཞུ་བཅར་གྱི་གོང་ཞུ། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཐད་ལྷག་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་པ་དང་དུས་མཚུངས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཡོད། གྲོང་ཨུད་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་བརྟག་ཞིབ་ཚོགས་ཆུང་10བཙུགས་ཏེ་ཆུས་དང་རྫོང(བྱེད་ནུས་ཁུལ)ཁག་དང་ཚན་པ་དང་སྡེ་ཚན་ཁག་ལ་བརྟག་ཞིབ་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་གནད་དོན་བཤེར་འདོན་དང་འཚོལ་བཤེར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་དངོས་བཤེར་དང་དག་ཐེར་ཏན་ཏིག་བྱེད་པའི་ཐད་ཤུགས་བརྒྱབ་ཡོད་པ་རེད།
དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས་སྒྲིག་སྲོལ་ལམ་ལུགས་བཙུགས་པ།
སློབ་སྦྱོང་སློབ་གསོའི་རིང་ཧོ་པེ་ཞིང་ཐའེ་གྲོང་ཁྱེར་གྱིས་རིགས་དབྱེ་ཇུས་འདོན་མཐའ་འཁྱོངས་བྱས་ནས་གནད་དོན་དག་ཐེར་བྱ་ཐབས་དོན་འཁྱོལ་ལ་སྐུལ་འདེད་བཏང་ཞིང་། རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དུས་བཀག་སྙན་སེང་ལམ་ལུགས་བཙུགས་ཏེ་ས་གནས་ཁག་དང་ཚན་པ་ཁག་གི་དག་ཐེར་འཕེལ་རིམ་ལ་ཕྱོགས་ཡོངས་ནས་རྗེས་སྙེག་བྱས་པ་དང་། རིགས་དབྱེ་དོ་དམ་ལག་ལེན་བསྟར་ཏེ་དག་ཐེར་གྱི་ཆ་རྐྱེན་འཛོམས་པའི་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་དང་ཕན་འབྲས་མགྱོགས་པོ་ཐོན་པར་སྐུལ་འདེད་བཏང་བ། འགག་སྒྲོལ་དཀའ་སེལ་བྱེད་དགོས་པའི་རྙོག་འཛིང་ཆེ་བའི་གནད་དོན་དག་བཅོས་སྒྲིག་གི་རྩིས་ཁྲའི་ནང་འཇུག་རྒྱུའི་མཛུབ་ཁྲིད་བྱས་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
ཅང་སུའུ་དབྱི་ཀྲེང་གྲོང་ཁྱེར་གྱིས་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། རིགས་དབྱེ་མཛུབ་ཁྲིད་ཀྱིས་རྗེས་སྙེག་སློབ་སྦྱོང་། དཔེ་མཚོན་གྱོད་དཔེའི་ཉེན་བརྡ་སློབ་སྦྱོང་། གྲངས་རིག་ནུས་པ་བབ་བསྟུན་སློབ་སྦྱོང་། སྦྱོང་སྤྱོད་ཟུང་འབྲེལ་གྱིས་ལག་ལེན་སློབ་སྦྱོང་བཅས་ཀྱི“སློབ་སྦྱོང་ལྔའི”མ་ལག་བཙུགས་ནས་སློབ་སྦྱོང་གི་བླང་བྱ་ཁག་12ཞིབ་ཚགས་སུ་བཏང་ཡོད། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་གཅིག་ནས་སྤྱོད་ཚུལ་བཟང་བ་དང་། ལས་ཀ་ཏན་ཏིག ཕན་འབྲས་ལེགས་པ་བཅས་ཀྱི་ལས་བྱེད་པ་འཆད་སྟེགས་ཐོག་སྐྱོད་པར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་གྱོད་དཔེར་བརྟེན་ནས་ཀུན་སྤྱོད་ཤོད་པ་དང་། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་ཤོད་པ། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་ཤོད་པ། གྱོད་དཔེར་བརྟེན་ནས་འགན་འཁྲི་ཤོད་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནང་སེམས་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་ཁྲིད་སྟོན་བྱས་ཡོད།
སི་ཁྲོན་གཡག་རྔ་གྲོང་ཁྱེར་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་འགག་གནད་དང་། དམངས་འཚོའི་དཀའ་གནད། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་བཅས་ལ་དམ་པོར་དམིགས་ཏེ། ལས་ཀའི་ཁྲོད་ཀྱི་ཞན་ཆ་དང་མི་འདང་ས་བཤེར་འདོན་གཏིང་ཟབ་བྱས་ཏེ། གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱས་ནས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དག་ཐེར་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ། “ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། གཞི་རིམ་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཆེད་དོན་བྱ་སྤྱོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་བརྩེ་སེམས་ཟབ་མོར་བརྟེན་ནས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་དངོས་ཕན་ཐོབ་པའི་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་ཁྲིད་སྟོན་བྱས་ཡོད།
སྦྱངས་པ་གོ་ཆོད་པ་བྱས་ནས་ཐེག་པ་ཁུར་ལེན་གྱིས་བྱས་རྗེས་བཞག་པ།
ཅང་ཤིས་ཀན་ཀྲོའུ་གྲོང་ཁྱེར་གྱིས་སྒོ་ཕྱེ་ནས་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐད་སྦྲེལ་ཁ་པར་ཨང་གྲངས་12445དང་། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར། བསམ་འཆར་སྒམ་འཛུགས་པ་སོགས་བརྒྱུད། ཏང་ཡོན་ལས་བྱེད་པས་རྒྱུན་གཏན་ནས་བསམ་འཆར་དང་གྲོས་འགོ་ཉན་པར་སྐུལ་འདེད་བཏང་བ་དང་། གནད་དོན་བཤེར་འདོན་གྱིས་མང་ཚོགས་ཀྱི་བསམ་འཆར་ཉན་པ། དག་ཐེར་བཅོས་སྐྱོང་གིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཕན་འབྲས་ཞིབ་དཔྱད་ཀྱིས་མང་ཚོགས་ཀྱི་ཤན་འབྱེད་དང་ལེན་བྱེད་པ་བཅས་བྱས་ནས། མང་ཚོགས་ཆེད་བྱ་བ་དངོས་གང་མང་བསྒྲུབས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།
ཁྲུང་ཆིང་སློབ་ཆེན་ཏང་ཨུད་ཀྱིས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་དང་། བདེ་འཇགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། བདེ་འཇགས་ཀྱི་སློབ་གསོ་སྤེལ་བ། གཙོ་གནད་ཁྱབ་ཁོངས་ལ་དོ་དམ་སོགས་ཐད་ཀྱི་གནད་དོན་ལ་དམིགས་ནས་གཅིག་སྡུད་བཅོས་སྒྲིག་བྱས་པ་དང་། དེ་དག་ལས་མངོན་པའི་སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་བཤེར་འདོན་གཏིང་ཟབ་བྱས་ཏེ། གནད་དོན་དེ་དག་འགོ་ཁྲིད་ཚན་ཁག་གི་གནད་དོན་བཤེར་འདོན་གྱི་གསལ་ཐོའི་ནང་བཅུག་ནས་ཞིབ་བཤེར་བྱེད་ཀྱིན་དག་ཐེར་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་དངོས་སྒྲུབ་ལ་བརྟེན་ནས་ཕན་འབྲས་དངོས་དོན་གཉེར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།