ཀྲུང་དབྱང་ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་བཙུཌ་པ།
ད་ལོའི་ལོ་མཇུག་ཏུ་གྲུབ་འབྲས་གཞན་སྒྱུར་གྱི་གྲངས་འཛིན་སྐྱེ་ཁམས་རགས་ཙམ་བསྐྲུན་རྒྱུ་ཡིན་པ།
ཚེས་30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱིས་མཛུབ་ཁྲིད་དང་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྣེ་ཁྲིད་དེ་བཙུགས་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་པེ་ཅིང་དུ་བཙུགས་པ་རེད། མཉམ་འབྲེལ་སྒྲིག་གཞི་དེ་ནི་ཀྲུང་དབྱང་ཁེ་ལས་ཡོངས་མཉམ་ཞུགས་ཀྱིས་བསྒྲུབས་པ་ཞིག་ཡིན་ཞིང་། དེས་ཚན་ཞིབ་ཁང་དང་སུའོ་དང་། མཐོ་སློབ། ཐོན་ལས་འཁོར་འབྲེལ་གྱི་གོང་འོག་རྐང་འཛིན་ཁེ་ལས་དང་གསར་གཏོད་རྣམ་པའི་དམངས་གཉེར་ཁེ་ལས་སོགས་ཀྱི་བྱེད་པོ་བསྡུ་རུབ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ་དང་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས། གཅིག་འཐུས་རྣམ་པ་དང་འཁོར་འབྲེལ་ཧྲིལ་པོའི་ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་གྱི་ཞབས་ཞུའི་མ་ལག་བཏོད་ཡོད་པ་རེད།
མཉམ་འབྲེལ་སྒྲིག་གཞི་དེ་འགག་རྩའི་ལྷུ་ཚིགས་3ལ་ཁྱབ་པ་སྟེ། རྨང་གཞིའི་ཞིབ་འཇུག་དང་། བཀོལ་སྤྱོད་གསར་སྤེལ། གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་གསར་གཏོད་སྦྲེལ་ཐག་སྦྲེལ་མཐུད་བྱས་པ་དང་། ལྟེ་བའི་བྱེད་ནུས་6ཡག་པོ་སྒྲུབ་པ་སྟེ། རྨང་གཞིའི་ཞིབ་འཇུག་ལ་སྣེ་ཁྲིད་བྱེད་པ་དང་། ལྗོངས་རྣམ་སྒོ་དབྱེ་གཏིང་ཟབ་བྱེད་པ། གཞན་སྒྱུར་གྱི་ཐབས་ལམ་ཤར་གཏོང་བྱེད་པ། ཕྱིར་གཏོང་གི་ཚད་ལྡན་རྣམ་པ་བཟོ་བ། གསར་གཏོད་ཀྱི་སྐྱེ་ཁམས་ལེགས་སུ་གཏོང་བ། ཐོན་ལས་ཀྱི་སྤུས་འཕར་ལ་སྐུལ་འདེད་གཏོང་བ་བཅས་རེད།
འཆར་གཞི་ལྟར་ན། 2026ལོའི་ལོ་མཇུག་ཏུ་སླེབས་སྐབས། མཉམ་འབྲེལ་སྒྲིག་གཞི་དེ་ཚད་ལྡན་ཅན་འཛུགས་སྐྲུན་དང་འཁོར་སྐྱོད་བརྟན་པོ་ཐུབ་པར་བྱས་ནས་གྲུབ་འབྲས་གཞན་སྒྱུར་གྱི་གྲངས་འཛིན་སྐྱེ་ཁམས་རགས་ཙམ་བསྐྲུན་རྒྱུ་རེད། 2028ལོའི་ལོ་མཇུག་ཏུ་སླེབས་སྐབས། གནད་སྨིན་དང་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་བྱས་ནས། རྒྱལ་ནང་གི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཉོ་ཚོང་གི་ལྟེ་བའི་གཞི་རྟེན་དང་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་གི་འདེགས་སྐྱོར་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་རྒྱུ་རེད། 2030ལོའི་ལོ་མཇུག་ཏུ་སླེབས་སྐབས། སྒོ་དབྱེ་མཐུན་སྦྱོར་དང་། གཙོ་རྒྱུ་གཅིག་སྡུད། སྐྱེ་ཁམས་འཐུས་ཚང་། གོ་ལ་ཧྲིལ་པོར་ཁྱབ་འགྱེད་བཅས་ཀྱི་འཛམ་གླིང་གི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་རྩེ་གྲར་འགྱུར་བར་བྱས་ཏེ། ཉོ་ཚོང་གཞི་ཁྱོན་དང་། ཞབས་ཞུའི་ནུས་པ་དང་རིམ་པ། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཅས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།