སྤྱི་བདེ་པུའི་དྲ་རྒྱ་བདེ་འཇགས་ཅུས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་བཅོས་སྒྲིག་ནན་པོ་བྱས་པ།
གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོཌ་བྱུང་བར། གྲངས་འཛིན་དུས་རབས་སུ་དྲ་རྒྱའི་དཀྲོག་གཏམ་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་བཟོ་བ་དང་སྤྱི་དམངས་ཀྱི་ཡིད་ཆེས་ཤོར་བའི་མངོན་མེད་རྐྱེན་ངན་ཞིག་ཏུ་གྱུར་ཞིང་། རང་སྨྱན་སྦྱོར་ཁག་གཅིག་གིས་རྐང་བཙུཌ་ནས་ལྗོངས་རྣམ་ཇུས་འགོད་དང་འཁྲབ་གཞུང་ནང་གི་མི་སྣའི་གཟུགས་བརྙན་འཁྲབ་སྟོན་བྱས་པ་བརྒྱུད། དྲ་དམངས་ཀྱི་ཡིད་དབང་འགུག་ཐབས་བྱས་ཏེ་་མཐར་ཁྲིམས་དང་མ་མཐུན་པའི་ཁེ་སྤོགས་རག་པའི་དམིགས་ཡུལ་གྲུབ་པར་བྱེད་ཀྱི་ཡོད།
ཉེ་ཆར། སྤྱི་བདེ་པུའི་དྲ་རྒྱ་བདེ་འཇགས་ཅུས་ཀྱིས་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་བཏང་བ་དང་བཅོས་སྒྲིག་བྱས་པའི་གྱོད་དཔེ་5ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་མི་ལ་ལས་ཐད་གཏོང་ཁང་ལ་བརྟེན་ནས“བཙན་ཁྲིད”བྱས་ཚུལ་འཁྲབ་སྟེ་དཀྲོག་གཏམ་བཟོས་པ་དང་དྲ་གྲོགས་ལ་ཉེན་རྟོག་ཕྱོགས་ལ་སྙན་སེང་ཞུ་རྒྱུའི་ངན་སྐུལ་བྱས་པ་དང་། ལ་ལས་རྒྱུགས་འབོར་མང་དུ་གཏོང་ཆེད་དྲ་སྦྲེལ་སྟེགས་བུ་བརྒྱུད་ཐད་འབྲེལ་བྱས་ནས་ཆ་འཕྲིན་རྫུན་མ་བཟོས་པ། ཐ་ན་མི་གཞན་གྱི་ཡིད་ཡིད་དབང་འཕྲོག་པ་དང་རྒྱུགས་འབོར་ཆེ་རུ་གཏོང་ཆེད། AI(མིས་ཐབས་རིག་ནུས)ལ་བརྟེན་ནས“རྡིབ་སྐྱོན་དོན་རྐྱེན”རྫུན་བཟོ་བྱས་པ་དང་འབྲེལ་བརྙན་ཐུང་སྟེགས་བུ་བརྒྱུད་བརྒྱུད་བསྐུར་བྱས་ནས་ཀུན་གྱིས་དོ་སྣང་ཐོབ་ཐབས་བྱེད་པ་བཅས་ལས། མང་ཚོགས་མི་ཉུང་བར་འཇིགས་སྣང་སྐྱེས་པ་དང་སྤྱི་པའི་སྒྲིག་ལམ་ཟང་ཟིང་བཟོས་ཡོད། དེར་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་དང་འབྲེལ་བ་ཡོད་པའི་དོ་བདག་ལ་དེ་མཚུངས་ཀྱི་སྲིད་འཛིན་ནམ་ཡང་ན་ཉེས་དོན་གྱི་ཆད་པ་བཅད་ཡོད།
སྤྱི་བདེ་པུའི་དྲ་རྒྱ་བདེ་འཇགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྐང་བཙུགས་ནས་དཀྲོག་གཏམ་བཟོ་མཁན་ལ་ཆ་མཚོན་ན། སྤྱི་བདེ་ལས་ཁུངས་ཀྱིས་དཀྲོག་གཏམ་བཟོས་པ་ལས་བྱུང་བའི་གནོད་འཚེ་ཆེ་ཆུང་ལ་གཞིགས་ཏེ། དཀྲོག་གཏམ་བཟོ་མཁན་གྱི་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་རྒྱུ་ཡིན་ཞེས་དྲན་སྐུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།