བོད་ཀྱི་ས་གནས་ཁག་གི“དྲུག་གཅིག”བྱིས་པའི་དུས་ཆེན་གྱི་བྱེད་སྒོ་འཁྲུག་ཆ་དོད་པ།

འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མས་གསར་རྩོམ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་ཞབས་བྲོ་འཁྲབ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྣམ་སྲས་ས་གཞི་ཆེན་པོ་བུ་བཅོལ་ཁང་གི་རིག་རྩལ་མཉམ་འཁྲབ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི་ཁྲེང་ཀོན་ཆུས་བྱིས་པའི་བདེ་ཐང་སླར་གསོའི་ལྟེ་གནས་ཀྱི་ཕྲུ་གུ་ཚོས་དགོད་བྲོ་བའི་ཕ་མ་བུ་ཕྲུག་གི་རོལ་རྩེད་རྩེ་བཞིན་པ།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རང་ལྗོངས་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། འཁྲུག་ཆ་དོད་པའི་ཕ་བུའི་བྱེད་སྒོ་ནས་ལྟད་མོ་ཆེ་བའི་རིག་རྩལ་མཉམ་འཁྲབ་བར་དང་། དགོད་བྲོ་བའི་མཉམ་འགུལ་རོལ་རྩེད་ནས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་བར། གྲོགས་པོ་ཆུང་ཆུང་ཚོས་དགོད་སྒྲའི་ཁྲོད་རང་ཉིད་ལ་དབང་བའི་དུས་ཆེན་བཏང་ནས“དྲུག་གཅིག”སྤྲོ་སྣང་དང་དྲོ་སྐྱིད་ལྡན་པར་བྱས་པ་རེད།
གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་ལྷ་ས་གྲོང་ཁྱེར་གྱི“ལང་ཚོའི་གཟི་དཔལ་རྒྱས། ནམ་ཡང་ཏང་གི་རྗེས་སུ་འབྲངས། རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་རིག་རྩལ་མཉམ་འཁྲབ་དང་བརྗོད་དོན་གཙོ་བོའི་སྤྲོ་གསེང་འདུ་ཚོགས་གཉེར་བ་རེད། ས་ཡུལ་དངོས་སུ་ལྟད་མོ་ཆེ་བའི་ལྷ་མོ་དང་ཞབས་བྲོ་སོགས་ཁྱད་ལྡན་ལེ་ཚན་རེས་མོས་ངང་འཁྲབ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཡར་རྒྱས་བརྩོན་ལེན་གྱི་ལྷ་སའི་ལོ་ཆུང་བྱིས་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པ་རེད།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་བུ་བཅོལ་ཁང་གིས“སེམས་ནང་གི་ཏི་ཧྲི་ཉི”ཞེས་པའི་བརྗོད་དོན་གཙོ་བོའི་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་སར་འཁྲུག་ཆ་ཤིན་ཏུ་དོད་ཅིང་། སྙན་འཇེབས་ལྡན་པའི་རྒྱབ་ལྗོངས་རོལ་དབྱངས་གློད་པ་དང་བསྟུན་ནས་གྲལ་འགྲིག་ལ་གོ་རིམ་ལྡན་པའི་སྐོར་སྐྱོད་རུ་ཁག་སློབ་གྲྭའི་ཕྱོགས་གང་སར་དལ་བུར་བསྐྱོད། མིག་ལ་མཛེས་པའི་གཟབ་མཆོར་དང་བདེ་ལྕག་འཁྱུག་པའི་གཟུགས་བརྙན་གྱིས་སློབ་གྲྭར་ཐུན་མིན་གྱི་ཁྱད་ཆོས་ཤིག་བསྣན་པ་དང་། དགོད་སྒྲ་དང་དགའ་འབོད་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ནས་སློབ་གྲྭ་ཡོངས་སྤྲོ་སྣང་ལྡན་པའི་བྱིས་སྒྲུང་གི་རྣམ་པའི་ཁྲོད་གནས་པ་དང་གཉིས་སུ་མ་མཆིས།
གཞན་ཡང་། བུ་བཅོལ་ཁང་གིས་ད་དུང་ཕ་བུའི་རིག་སྟོབས་འགྲན་བསྡུར་གྱི་རོལ་རྩེད་དང་ཤིང་ཏོག་ཇ་འཐུང་བ་སོགས་ཁྱད་ལྡན་རྣམ་གྲངས་མང་པོ་གཉེར་ནས་སྐྱིད་སྣང་དོད་ལ་མཉམ་འགུལ་དང་ཉམས་ལེན་བཅས་ཚང་མ་ཡོད་པར་བྱས་པ་རེད། ཕ་བུ་མཉམ་ལས་དང་བརྩེ་སེམས་བརྒྱུད་སྤྲོད་སོགས་དྲོ་སྐྱིད་དང་མཛེས་སྡུག་ལྡན་པའི་རྣམ་པ་རེ་རེ་ཇུས་འགོད་ཞིབ་ཚགས་བྱས་ཏེ“དྲུག་གཅིག”སྤྲོ་སྣང་དང་བདེ་སྐྱིད་ལྡན་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།