དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-06-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་11པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དེ་ང་ཚོས་ཚན་རྩལ་དང་ཐོན་ལས་ཀྱི་མཐོ་ས་དམ་པོར་བཟུང་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་མི་ཕྱོགས་ཡོངས་ནས་ཡར་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་ཕྱོགས་བཟང་པོ་མངོན་ཡོད། རྒྱང་ལམ་གསར་པར། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དངོས་ཡོད་ཀྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་། དགེ་མཚན་ཆེ་རིགས་འདོན་པ།བརྟན་ཐོག་ཡར་འཕེལ་དང་སྐས་ཚད་སྐྱེད་སྲིང་མཐའ་འཁྱོངས་བཅས་བྱས་ནས། རང་རྒྱལ་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འབྱུང་འགྱུར་གྱི་ཐོན་ལས་ལ་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྩ་སློག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་དགོས། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱས་ཏེ། ཚད་རྡུལ་ཚན་རྩལ་དང་སྐྱེ་དངོས་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་ཤུགས་རྒྱག་པར་དམིགས་པ་དང་གནད་སྨིན་ཇུས་འདོན་བྱེད་དགོས། ལག་རྩལ་གྱི་ལམ་ཕྱོགས་ཚན་རིག་དང་མཐུན་པ་རིགས་པས་ཁུངས་སྐྱེལ་བྱས་ཏེ་ལག་རྩལ་གསར་ཤོས་ཀྱི་འཐབ་ཇུས་སྔོན་དཔག་ནུས་པ་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་མྱུར་ཚད་ཁོང་དུ་ཆུད་པར་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་དང་། ལག་རྩལ་བྱང་ཆུབ་ཚད། གཙོ་རྒྱུའི་འདེགས་སྐྱོར་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་ཐབས་སྒྱུར་འཕེལ་རྒྱས་གཏོང་དགོས། ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་འགུལ་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། འབྱུང་འགྱུར་ཐོན་ལས་དང་། གསར་དར་ཐོན་ལས། སྲོལ་རྒྱུན་ཐོན་ལས་བཅས་ཆར་པ་ཆུ་འགྲོགས་ཡོང་བར་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཚན་རྩལ་ཚད་བརྒལ་གྱི་ཚད་གཞིས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་དང་། རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་ཚད་གཞི་ངེས་ཅན་ཞིག་ནས་གཏན་འཁེལ་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་གང་ལེགས་འདོན་པ་དང་། “ཐོན་ལས་ཀྱིས་དྲི་བ་འདོན་པ་དང་ཚན་རྩལ་གྱིས་ལན་འདེབས་པ”མཐའ་འཁྱོངས་བྱས་ཏེ། ཚན་རྩལ་འདེགས་སྐྱོར་གྱི་སྣེ་ཁྲིད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་པར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་དགོས་ཤིང་། ཁེ་ལས་ནི་གསར་གཏོད་ཀྱི་བྱེད་པོ་གཙོ་བོ་ཡིན་པས། འབྱུང་འགྱུར་ཐོན་ལས་མང་པོ་ཞིག་གི་དར་འཕེལ་ནི་ཁེ་ལས་ཀྱིས་གོམ་སྟབས་རེ་རེ་བཞིན་ཚད་བརྒལ་དང་སྐུལ་ཁྲིད་བྱས་པ་ལས་བྱུང་བ་ཞིག་རེད། གསར་གཏོད་ཐོན་ཁུངས་སྣ་ཚོགས་ཁེ་ལས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་བཏང་ནས། ལྟེ་བའི་ལག་རྩལ་གྱི་སྔོན་ཐོན་དང་གསར་གཏོད་ནུས་པ་ཆེ་བའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་གཙོ་འགན་གཙོ་ལས་དང་ཟུང་འབྲེལ་བྱས་ནས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས། རྣམ་གྲངས་རྐྱང་པ་ཨང་དང་པོའི་ཁེ་ལས། རྭ་གཅིག་མའི་ཁེ་ལས་བཅས་འབོར་ཆེན་གསོ་སྐྱོང་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཤིང་། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་གི་དུས་འཁོར་རིང་བ་དང་ཁྲོམ་རའི་ཉེན་ཁ་ཆེ་བས་སྲིད་ཇུས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་སྲིད་གཞུང་གིས་ཞབས་འདེགས་ཡག་པོ་ཞུ་དགོས། ནོར་ཁྲལ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཚན་རྩལ་དང་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་སྲིད་ཇུས་ལེགས་སུ་གཏོང་དགོས། ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་སྐུལ་ལྕག་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་ཧུར་སེམས་སྐུལ་སྤེལ་གང་ལེགས་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཆེ་བས་ངེས་པར་དུ་མཉམ་དུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལྟ་འདོམས་བྱེད་སྟངས་འཚོལ་ཞིབ་བྱེད་པ། ལག་རྩལ་ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན་སྔོན་བརྡ། འཕྲལ་སྡོམ་དང་ལེན་བཅས་ཀྱི་མ་ལག་བསྐྲུན་ནས“ལྷུག་གཏོང”དགོས་ལ“དོ་དམ་ཡག་པོ”ཐུབ་པའི་འགན་ལེན་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཕྱོགས་ཁག་གི་ཚད་གཞི་མཉམ་སྐྲུན་དང་། སྒྲིག་སྲོལ་མཉམ་གྲོས། ཐོན་ལས་མཉམ་སྐུལ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། འབྱུང་འགྱུར་ཐོན་ལས་ལག་རྩལ་རིམ་འཇུག་མགྱོགས་པ་དང་། ཤུགས་རྐྱེན་ཐེབས་རྐྱེན་མང་བ། ཐབས་ཇུས་ཀྱི་ཉེན་ཁ་ཆེ་བ་བཅས་ཡོད་པས། ང་ཚོའི་འགོ་ཁྲིད་ཀྱི་སྒྲུབ་ནུས་དང་བཅོས་སྐྱོང་ཆུ་ཚད་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་གྱི་ཤེས་བྱ་གསར་ཤོས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་ཆེད་ལས་ཅན་གྱི་འཇོན་ཐང་ཆེ་རུ་བཏང་སྟེ་ཚན་རྩལ་ཤེས་པ་དང་། ཐོན་ལས་རྟོགས་པ། ཐབས་ཇུས་མཁས་པ་བཅས་ཐུབ་པ་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།