དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རང་རྒྱལ་གྱིས་བཟོས་པའི་སྒོར་ཞེང་ཧ་ཅང་ཆེ་བའི་འབིགས་འཕྲུལ“ཅའོ་ཕིང་རྟགས་ཅན་ཨང་དང་པོ”ཁྲང་ཧྲ་ནས་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    ཟླ་5ཚེས་29ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པ་ཚོགས་པ་དང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་བསྐྲུན་པའི་སྒོར་ཞེང་ཧ་ཅང་ཆེ་བའི་འབིགས་འཕྲུལ“ཅའོ་ཕིང་རྟགས་ཅན་ཨང་དང་པོ”ཧུའུ་ནན་ཁྲང་ཧྲ་རུ་དངོས་སུ་བཏོན་ནས། ཅའོ་ཙུའོ་ནས་ཕིང་ཏིང་ཧྲན་བར་གྱི་ལྕགས་ལམ་གྱི་མང་ཧྲན་ཕུག་ལམ་འཛུགས་སྐྲུན་ཐད་སྤྱོད་རྒྱུ་རེད། “ཅའོ་ཕིང་རྟགས་ཅན་ཨང་དང་པོ”ཡི་འབིགས་འཕྲུལ་ཧྲིལ་པོའི་རིང་ཚད་ལ་སྨི་110ཙམ་ཡོད་པ་དང་། ལྗིད་ཚད་ལ་ཏུན་3500ཙམ་ཡོད་པ། སྒྲིག་སྦྱོར་འཕྲུལ་འཁོར་གྱི་ནུས་ཚད་ཆན་ཝ་10000ཙམ་ཟིན་པས། “གཏུབ་གཞོག་དང་། སྙིགས་རོ་འདོན་པ། སྐྱོར་རྩིག་རྒྱག་པ། འདམ་བག་བླུགས་པ”བཅས་གཞི་གཅིག་ཏུ་སྦྲེལ་ཞིང་བསྟུད་མར་ལས་སྒྲུབ་བྱེད་པའི་ནུས་པ་ལྡན་ཡོད།

    འདི་ནི་དེ་ཉིན་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལྕི་བའི་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ཁྲང་ཧྲ་ཐོན་ལས་གླིང་གཉིས་པར་ལས་དོན་པས“ཅའོ་ཕིང་རྟགས་ཅན་ཨང་དང་པོ”སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།