དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་མ་ལག་གིས་ད་ལོར་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྲི་15.29ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    ད་ལོ་ཚུན་གྱི་ཟླ་5ཚེས་25ཉིན་བར། རྒྱལ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་མ་ལག་ལ་བརྟེན་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྲི་15.29ཁྱབ་བསྒྲགས་བྱས་པ་རེད། ཟླ་5པར་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྲི་3.26ཁྱབ་བསྒྲགས་བྱས་པའི་ནང་ལྷགས་པ་ཆེན་པོ་དང་། ཐོག་རྒྱག་པ། དྲག་ཆར། གཏད་རྒྱུག སྨུག་ཆེན་བཅས་ཀྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་གྱིས་93.08%བཟུང་ཡོད།

    ད་ལོའི་འབྲུབ་དུས་ཤར་ཚུན། ཀྲུང་གོ་གནམ་གཤིས་ཅུས་སྤྱི་པའི་གནམ་གཤིས་ཞབས་ཞུ་ལྟེ་གནས(རྒྱལ་ཁབ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ལྟེ་གནས)ཀྱིས་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་སྤྱད་དེ་ལག་རྩལ་གསར་པ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཟོན་སྔོན་བརྡའི་ཡོངས་བསྒྲགས་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། སྡེ་ཚན་སྒྲོལ་བའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་རྒྱུར་རམ་འདེགས་བྱས་ཡོད།

    མིག་སྔར་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་མ་ལག་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་གནམ་གཤིས་སྡེ་ཚན་དང་འབྲེལ་མཐུད་བྱས་པ་མ་ཟད། འཕྲལ་སྡོམ་དོ་དམ་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་ལས་རིགས་སྡེ་ཚན་20ལྷག་ཙམ་ལ་ཁྱབ་ནས་ལས་རིགས་22ཀྱི་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་རིགས་220གཅིག་སྡུད་བྱས་ཡོད། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་བཟོ་བ་ནས་སྤྱི་དམངས་ལ་ཁྱབ་བསྒྲགས་བྱེད་པའི་བར་ཆ་སྙོམས་དུས་ཚོད་སྐར་མ་3ནས་8བར་ལས་འགོར་གྱི་མེད་པ་དེ་ན་ནིང་གི་འབྲུབ་དུས་ལས་སྐར་མ་3ཡན་ཐུང་དུ་ཕྱིན་ཡོད། “གནད་སྨིན་ཁྱབ་བསྒྲགས་དང་མྱུར་འཕྲིན་ཟུང་འབྲེལ”གྱི་ལག་རྩལ་སྤྱད་དེ་ལག་ཐོགས་ཁ་པར་གྱི་ཧོབ་ཐོང་སྐར་ཁུང་ནས་བཙན་གྱིས་མངོན་པར་བྱས་ཏེ། ལག་རྩལ་གྱི་མཐུན་རྐྱེན་ལ་བརྟེན་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་གནད་སྨིན་ངང་གཏོང་བར་སྐུལ་འདེད་བཏང་ཡོད།

    ཀྲུང་གོ་གནམ་གཤིས་ཅུས་སྤྱི་པའི་གནམ་གཤིས་ཞབས་ཞུ་ལྟེ་གནས(རྒྱལ་ཁབ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་ལྟེ་གནས)ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཚའོ་ཀྲི་ཡུས་ཀྱིས་ངོ་སྤྲོད་བྱས་པར། འབྲུབ་དུས་ཤར་བ་ནས་བཟུང་། རྒྱལ་ཡོངས་ཀྱི་གནམ་གཤིས་གནོད་འཚེའི་ཤུགས་རྐྱེན་ཕོག་པའི་ཞིང་ཆེན་ཚང་མས་GIS(ས་ཁམས་ཆ་འཕྲིན་མ་ལག)སྤྱད་པ་བརྒྱུད། གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་གནད་སྨིན་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།