ཆུ་བེད་པུས་2026ལོའི་ཆུ་བོ་རྒྱུག་ཁུལ་ཆེན་པོ་བདུན་གྱི་འབྲུབ་འགོག་བཀོད་གཏོང་ནང་སྦྱོང་ལེགས་སྒྲུབ་བྱས་པ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། 2026ལོའི་འབྲུབ་ཆུ་དང་ཆུ་ལོག་ཆེན་པོ་འགོག་པའི་ལས་དོན་ཡག་པོ་སྒྲུབ་ཆེད། ཆུ་བེད་པུས་ནང་སྦྱོང་ཇུས་གཞི་སྔ་སྣུར་དུ་བཟོས་ནས་ཟླ་5ཚུན་དུ་2026ལོའི་འབྲི་ཆུ་དང་། རྨ་ཆུ། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། ཀྲུའུ་ཅང་གཙང་པོ་སོགས་རྒྱུག་ཁུལ་གྱི་འབྲུབ་འགོག་བཀོད་གཏོང་ནང་སྦྱོང་བྱས་པ་རེད།
ཆུ་བེད་པུའི་འབབ་རྒྱུད་དོ་དམ་སྒྲིག་གཞི་ཁག་གིས་འབབ་རྒྱུད་ཀྱི་དཔེ་མཚོན་ཆུ་ལོག་འདེམས་སྒྲུག་ཞིབ་ཚགས་བྱས་ནས། ད་ཡོད་ཀྱི་འབྲུབ་འགོག་ལས་གྲྭའི་མ་ལག་རྨང་གཞིར་བྱེད་པ་དང་། གྲངས་འཛིན་འདྲ་བཟོའི་འབབ་རྒྱུད་ལ་བརྟེན་ཏེ་འབྲེལ་ཡོད་སྡེ་ཚན་དང་ཚན་པ་དང་མཉམ་དུ་སྟབས་བསྟུན་འབྲུབ་འགོག་བཀོད་གཏོང་ནང་སྦྱོང་བྱས་པ་རེད། འབབ་རྒྱུད་ཁག་གིས་ནང་སྦྱོང་བྱས་པ་བརྒྱུད། ཆར་ཆུ་འབབ་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། འབྲུབ་འགོག་གི“སྔོན་དཔྱད་བཞིའི”ནུས་པ། འབབ་རྒྱུད་ཀྱི་ཆུའི་ལས་གྲྭའི་མཉམ་འབྲེལ་བཀོད་གཏོང་ཐབས་ཇུས། ཆུ་དཔྱད་འཕྲལ་སྡོམ་སྔོན་བརྡ། ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ནས། འབབ་རྒྱུད་ཀྱི་འབྲུབ་འགོག་མཐུན་སྦྱོར་མཉམ་འགུལ་དང་དངོས་འཐབ་ཀྱི་ནུས་པ་ཆེ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།