དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྨང་གཞིའི་གློག་འཕྲིན་ཁེ་ལས་དྲ་ཐོག་ལས་གཉེར་ཁང་གི་ཞབས་ཞུའི་རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲཌ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    ཉེ་དུས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《གློག་འཕྲིན་དང་དྲ་སྦྲེལ་ཞབས་ཞུ། རྨང་གཞིའི་གློག་འཕྲིན་གྱི་ཁེ་ལས་དྲ་ཐོག་ལས་གཉེར་ཁང་གི་ཞབས་ཞུའི་ཚད་གཞི》རྒྱལ་ཁབ་ཀྱི་ཚད་གཞི(GB/T 47484-2026)ཆོག་མཆན་ཐོབ་ནས་ཡོངས་བསྒྲགས་བྱས་ཏེ། དྲ་ཚིགས་དང་ལག་ཐོགས་ཁ་པར་གྱི་APPརྣམ་པའི་གློག་འཕྲིན་ཞབས་ཞུའི་དྲ་ཐོག་ལས་གཉེར་ཁང་གི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་བཏང་ཡོད།

    ཆ་འཕྲིན་ཁ་གསལ་ཐད། ཚད་གཞིའི་ནང་དྲ་ངོས་དེ་རང་གི་མངོན་ཆེ་སར་ལས་སྒོའི་གྲོན་དངུལ་ཚད་གཞི་དང་། ཞབས་ཞུའི་ནང་དོན། བེད་སྤྱོད་ཁྱབ་རྒྱ། བེད་སྤྱོད་སྒྲིག་སྲོལ་སོགས་ཀྱི་གཙོ་གནད་དོན་ཚན་གསལ་སྟོན་བྱེད་དགོས་པཔ་དང་། “དངུལ་གཏོང་མི་དགོས་པ”དང་། “རིན་མེད” “མཚམས་ཚད་མེད་པ” “ཡུན་རིང”སོགས་ལས་སྤྱོད་མཁན་ལ་གོ་འཛོལ་ཐེབས་སླ་བའི་ཤོད་སྟངས་སྤྱོད་མི་ཆོག་པ། ལྟེབ་རྩིས་དང་། སྦ་གསང་། རབ་རིབ་སོགས་ཀྱི་བྱེད་སྟངས་བརྒྱུད་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་སྦ་གསང་དང་ཆུང་དུ་གཏོང་མི་རུང་ཞེས་བཏོན་ཡོད།

    ཐོགས་མེད་ཞབས་ཞུའི་ཐད། ཚད་གཞིའི་ནང་དྲ་ཐོག་ལས་གཉེར་ཁང་གིས་སྤྱོད་མཁན་ལ་མཛའ་མཐུན་གྱི་མཚམས་ངོས་ཇུས་འགོད་བྱེད་དགོས་པ་སྟེ། དཔེར་ན་རྒན་རྒོན་གྱི་ཚོགས་སྤྱིར་བརྡ་ཁྱབ་མེད་པའི་རྒན་རྒོན་ལ་འཚམ་པའི་དྲ་ངོས་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད།

    སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ཐད། ཚད་གཞིའི་ནང་དྲ་ཐོག་ལས་གཉེར་ཁང་གིས་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་ཉར་ཚགས་དང་བསྡུ་རུབ་བྱེད་སྐབས་སྤྱོད་མཁན་གྱི་དབང་བསྐུར་མོས་མཐུན་ཐོབ་དགོས་པ་དང་། གྲངས་གཞི་སྤྱོད་རིང་གསང་སྣོན་དང་། ལྟ་སྤྱོད་ཚོད་འཛིན་སོགས་ཀྱི་ལག་རྩལ་བྱེད་ཐབས་སྤྱད་ནས། ཁྲིམས་འགལ་ངང་གྲངས་གཞི་ཐོབ་པ་དང་། གཡོ་བཅོས། གང་བྱུང་དུ་སྤྱོད་པ་བཅས་ལ་དོགས་ཟོན་བྱེད་དགོས་ལུགས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།