དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྔོན་ཐོན་ལག་རྩལ་གྱི་འཕེལ་རྒྱས་ལས“དབུ་དཀར་དཔལ་འབྱོར”གྲ་རྒྱས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    ཀྲེ་ཅང་ཕའེ་སི་ཁོ་འཕྲུལ་མི་ཚན་རྩལ་ཚད་ཡོད་ཀུང་སི་ནི་ཀྲེ་ཅང་ཡུང་ཁང་གིས“དབུ་དཀར་དཔལ་འབྱོར”གྱི་འགྲན་ལམ་གསར་པར་དམིགས་ནས་ནང་འདྲེན་བྱས་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། ཐོན་སྐྱེད་བྱས་པའི་རིག་ནུས་འཁོར་ཆུང་གསར་པ་དང་གློག་སྒུལ་རྐུབ་སྟེགས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་ཚོང་གི་ཡོད། འདི་ནི་ལས་བཟོ་བས་རིག་ནུས་འཁོར་ཆུང་སྒྲིག་སྦྱོར་བྱེད་བཞིན་པ།

    ཀྲུང་གོར་ལོ་60དང་དེ་ཡན་གྱི་མི་འབོར་དུང་ཕྱུར་3.23ཡོད་པ་དང་། ཁོང་ཚོ“དབུ་དཀར་དཔལ་འབྱོར”གྱི་སྒུལ་ཤུགས་སུ་གྱུར་ཡོད། གཞུང་ཕྱོགས་ཀྱི་སྙན་ཞུར་གཞིགས་ན། ལས་རིགས་དེས་2025ལོར་ཨ་སྒོར་དུང་ཕྱུར་ཁྲི་1.3ཙམ་ཟིན་པའི་ཐོན་རྫས་རིན་ཐང་བཏོད་ཡོད་པ་དང་། སྔོན་དཔག་བྱས་ན་2035ལོར་སླེབས་སྐབས་ཨ་སྒོར་དུང་ཕྱུར་ཁྲི་4.2ཀྱི་ཐོན་རྫས་རིན་ཐང་གཏོད་རྒྱུ་ཡིན་པ་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི(GDP)10%ཙམ་བཟུང་གི་ཡོད་པ་རེད།

    འདས་ཟིན་པའི་ཟླ་བ་ཁ་ཤས་ནང་ཀྲུང་གོས་མི་འབོར་གྱི་23%བཟུང་བའི་ཚོགས་སྤྱིའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བྱེད་ཐབས་མང་པོ་ཁྱབ་བསྒྲགས་བྱས་ཤིང་། ཞིབ་ཕྲའི་བྱེད་ཐབས་ནང་ཚོང་ལས་ཁྲོམ་གཞུང་གཏོད་པ་དང་རིག་གནས་ཡུལ་སྐོར་ལ་སྐུལ་ལྕག་གཏོང་བ་དང་དེ་བཞིན་དྲ་ཚོང་ལས་སྟེགས་སྟབས་བདེ་རུ་གཏོང་བ་བཅས་ཚུད་ཡོད་པས། རྒན་རྒོན་ཚོར་དེང་རབས་ཅན་གྱི་གྲལ་དུ་ཁོང་ཚོའང་ཚུད་པའི་ཚོར་སྣང་བྱུང་ཡོད་པ་རེད།

    ཁེ་ལས་ཆེན་པོས་ཐོན་རྫས་ལེགས་སྒྲིག་བྱས་ཏེ་དོན་དངོས་ཀྱི་གནས་ཚུལ་གསར་པ་དང་འཚམ་པར་བྱེད་བཞིན་ཡོད། ཁྱིམ་སྤྱོད་གློག་ཆས་ཀྱི་ཁེ་ལས་གཙོ་བོ་ཡིན་པའི་ཧའེ་ཨར་ཚོགས་པས་མི་ཐབས་རིག་ནུས་ཀྱི་བདེ་ཐང་སླར་གསོའི་འཕྲུལ་མི་གསར་སྤེལ་སྒྲིག་སྦྱོར་བྱས་ཡོད་པ་དང་། སྤྱོད་མཁན་གྱི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་རང་གཤིས་ཅན་གྱི་ཇུས་གཞི་མཁོ་འདོན་བྱེད་ཀྱི་ཡོད། ཧའེ་ཤིན་ཚོགས་པས་སྨན་བཅོས་རིམ་པའི་མིག་སྲུང་ནུས་པ་ལྡན་པའི་བརྙན་འཕྲིན་བཟོས་ཡོད། རྒན་ཡོལ་ཞུས་པའི་མི་སྣས་སྒྲིག་ཆས་དེ་དག་སྤྱད་ནས་རོལ་རྩེད་དང་། སྦྱོང་བརྡར། དྲ་ཐོག་ཉོ་སྒྲུབ། གཉེན་ཉེའི་དབར་བརྙན་ལམ་བརྒྱུད་སྐད་ཆ་ཤོད་རེས་བཅས་བྱེད་ཆོག

    བརྟག་དཔྱད་བྱས་པར་གཞིགས་ན། མི་ཐབས་རིག་ནུས་ལ་བརྟེན་ནས་རིག་ནུས་སྐད་བརྡ་སྤེལ་རེས་དང་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ནུས་པ་དེ་བས་མང་བ་ཁྱིམ་སྤྱོད་ཐོན་རྫས་ཐོག་གཅིག་སྡུད་བྱེད་བཞིན་ཡོད། དེས་རྒན་རྒོན་གྱིས་གསར་གཏོད་ཐོན་རྫས་སྤྱོད་པར་སྟབས་བདེ་བསྐྲུན་ཐུབ་པ་དང་དུས་མཚུངས་འབབ་འཕར་ལ་སྒུལ་ཤུགས་གསར་པ་ཞིག་ཀྱང་བསྣན་ཡོད་པ་རེད།

    —— པར་ཙིར་གྱི་247གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།