དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་རླངས་འཁོར་ཁེ་ལས་ཀྱིས་ཀྲུང་གོར་བརྟེན་ནས་འགྲན་ནུས་རྒྱུན་འཁྱོངས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-01

    འདི་ནི་གཟིགས་མོ་བས་2026ལོའི་པེ་ཅིང་རླངས་འཁོར་འགྲེམས་ཚོགས་སུ་རླངས་འཁོར་ཨའོ་ཏི་Q5Lལ་ལྟ་བཞིན་པ།

    གོ་ལ་ཧྲིལ་པོའི་རླངས་འཁོར་བཟོ་སྐྲུན་ཚོང་པས་པེ་ཅིང་རླངས་འཁོར་འགྲེམས་ཚོགས་སུ་ཆེད་མངགས་ཀྲུང་གོར་དམིགས་པའི་འཁོར་རིགས་མང་པོ་བཏོན་ནས་འཛམ་གླིང་གི་རླངས་འཁོར་ཁྲོམ་ར་ཆེ་ཤོས་དེའི་གཡུལ་ས་བརྟན་སྲུང་ཐུབ་པར་བྱས་ཤིང་། ཀྲུང་གོའི་རྒྱལ་ནང་དུ་འགྲན་རྩོད་ལ་ཞུགས་པ་ནི་ཕྱི་རྒྱལ་གྱི་རླངས་འཁོར་བཟོ་སྐྲུན་ཚོང་པའི་ཤུགས་རྐྱེན་ཐེབས་ནུས་རྒྱུན་འཁྱོངས་བྱེད་པར་གལ་འགངས་ཆེན་པོ་ལྡན་ཡོད།

    “ཀྲུང་གོར་ཀྲུང་གོའི་ཆེད་དུ”ཞེས་པའི་སྤུས་རྟགས་མང་པོའི་འཐབ་ཇུས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ཟླ་5ཚེས་3ཉིན་བར་རྒྱུན་མཐུད་པའི་ཀྲུང་གོའི་རྩེར་སོན་རླངས་འཁོར་འགྲེམས་སྟོན་ལ་ཁྱབ་བསྒྲགས་བྱས་པའི་འཁོར་རིགས་ནང་ཨའོ་ཏི་E7Xདང་། ཧྥུང་ཐེན་bZ7 ཏཱ་ཀྲུང་ID AURA T6སོགས་ཚུད་ཡོད། འཁོར་རིགས་དེ་དག་ཚང་མ་ཀྲུང་གོའི་ལག་རྩལ་སྤྱད་ནས་གསར་སྤེལ་བྱས་པ་ཤ་སྟག་ཡིན་ཞིང་། དེ་ནི་དུས་རབས་20པའི་ལོ་རབས་80པའི་སྐབས་ཀྱི་གནས་ཚུལ་དང་རྦད་དེ་འདྲ་གི་མེད་དེ། སྐབས་དེར་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རླངས་འཁོར་བཟོ་སྐྲུན་ཚོང་པས་རླངས་སྣུམ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་པའི་མ་རྩ་མཉམ་འཇོག་གི་ཁེ་ལས་ཁག་དང་པོ་བཙུགས་པ་རེད།

    ཡིན་ནའང་2000ལོར་སླེབས་སྐབས་ཀྲུང་གོས་ཕྱི་རྒྱལ་གྱི་མཉམ་ལས་རོགས་ཟླའི་མདུན་དུ་བསྐྱོད་རྒྱུའི་སེམས་ཐག་བཅད་དེ་ནུས་རྒྱུ་གཙང་མའི་རླངས་འཁོར་ཞིབ་འཇུག་གསར་སྤེལ་ལ་ནུས་ཤུགས་ཡོད་རྒུས་གཞོལ་ཡོད།

    ལོ་20སོང་རྗེས་འབད་བརྩོན་དེར་འབྲས་བུ་ཐོབ་ཅིང་། བློ་འདྲིའི་ཁེ་ལས་ཨའེ་རུའེ་པོ་ཀུང་སིའི་གྲངས་གཞི་ལས་མངོན་པར། 2021ལོར་གློག་སྒུལ་རླངས་འཁོར་གྱིས་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཀྱི་ལྔ་ཆ་གཅིག་ཙམ་ལས་བཟུང་མེད་ཀྱང་2024ལོར་སླེབས་སྐབས་བསྡུར་ཚད་དེ་50%ཙམ་བར་ཐོལ་འཕར་བྱུང་ཡོད།

    གོ་ལ་ཧྲིལ་པོའི་རླངས་འཁོར་བཟོ་སྐྲུན་ཚོང་པས་ནང་འབར་འཕྲུལ་འཁོར་དོར་བའི་འགྱུར་ལྡོག་ལ་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། ད་ཆ་ཁོང་ཚོས་ས་གནས་དེ་གའི་མཉམ་ལས་རོགས་ཟླའི་ས་ནས་དམའ་རིམ་ལག་རྩལ་དང་མཉེན་ཆས་ལ་བརྟེན་ནས་ཀྲུང་གོའི་འཁོར་བདག་དང་དེ་བཞིན་ཕྱི་རྒྱལ་གྱི་འཁོར་བདག་དེ་བས་མང་བའི་ཡིད་དབང་མི་འགུག་ཀ་མེད་བྱུང་ཡོད།

    ད་ཆ་དེ་བས་གནད་ལ་འཁེལ་བའི་ཤོད་སྟངས་ཤིག་ནི་རྒྱལ་སྤྱིའི་སྤུས་རྟགས་ཀྲུང་གོ་ནས་འཛམ་གླིང་ལ་ཁ་ཕྱོགས་པ་དེ་རེད། དེ་ལྟར་བྱས་ཚེ་ཁོང་ཚོར་ད་གཟོད་འགྲན་ནུས་རྒྱུན་འཁྱོངས་བྱེད་པའི་གོ་སྐབས་ལྡན་ཡོད།

    —— ཕིང་པོ་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།