སི་ཁྲོན་དབུན་ཁྲོན་གྱི་སློབ་གྲྭར་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནང་སྦྱོང་བྱས་པ།
2026ལོའི་ཟླ་5ཚེས་12ཉིན། རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་18པར་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་དབུན་ཁྲོན་རྫོང་ཡིང་ཞིའུ་སློབ་ཆུང་གིས་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱས་ནས་དགེ་སློབ་ཚོར་ས་ཡོམ་སྐབས་སྲོག་ཉེན་ལས་གཡོལ་བ་དང་འཕྲལ་སྡོམ་ཁ་འགྲེམས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། དགེ་སློབ་ཡོངས་ཀྱི་རང་སྐྱོབ་རང་སྲུང་ནུས་པ་ཆེ་རུ་དང་བདེ་འཇགས་དོགས་ཟོན་འདུ་ཤེས་ཟབ་ཏུ་བཏང་བ་རེད།

འདི་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་དབུན་ཁྲོན་རྫོང་ཡིང་ཞིའུ་སློབ་ཆུང་གིས་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་འགོག་སྲུང་ནང་སྦྱོང་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།