དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བབ་བསྟུན་འཕྲལ་སྒྲུབ་ཀྱིས་བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”ལེའུ་གསར་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    བརྗིད་ཆེའི་འཆར་གཞི་འགོད། མཐུན་སྒྲིལ་འབད་འཐབ་བྱེད། ཟླ་5ཚེས་29ཉིན། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད《རྩ་གནད》ལ་དབང་གྲགས་ལྡན་པའི་གསལ་འགྲེལ་བྱས་པ་དང་། འབྱུང་འགྱུར་ལོ་ལྔའི་རིང་བོད་ཀྱིས“ཇི་ལྟར་བྱེད་དགོས་པའི”གནད་དོན་ལ་ལན་གསལ་པོ་བརྒྱབ་པ་དང་སྤྱི་ཚོགས་ཕྱོགས་ཁག་གི་དོ་ཁུར་ལ་ལན་བརྒྱབ་པ་རེད། ཡོངས་བསྒྲགས་ཚོགས་འདུ་འདི་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྐུལ་སློང་ཞིག་ཀྱང་རེད།

    ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ཀྱི་ལོ་ཞིག་རེད་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཀྱང་རེད། བརྒྱུད་མྱོང་བའི་ལམ་བུར་ཕྱིར་མིག་བལྟས་ན་སྤོབས་སེམས་ཀྱིས་ཁེངས། ལོ་ངོ་75ཡི་འབད་འཐབ་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ། ས་མཐོའི་ས་གཞི་ཆེན་པོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀྱི་འབྲུག་སྒྲ་གྲགས་པ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་བཙུགས་ཏེ་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་པའི་བར་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་བ་ནས“དོན་ཆེན་བཞིར”སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ལག་ལེན་ལ་སྣེ་ཁྲིད་བྱེད་པའི་བར། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ཡང་རྩེར་ཟིལ་རླབས་དགུང་འཕྱུར་དང་སྤོབས་པས་རི་ཀླུང་སྒུལ་བའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་བརྩམས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་ལ་ཕྱིར་མིག་བལྟས་ཚེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ལྔ་བསྟུད་མར་སྒོར་དུང་ཕྱུར་སྟོང་གཉིས་ཀྱི་སྐས་རིམ་ལས་བརྒལ་བ་དང་ལོར་ཆ་སྙོམས་6.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོར་ཆ་སྙོམས་7.4%དང་9.7%སོ་སོར་འཕར་བ། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་སྤྱི་འདོམས་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་འགྱུར་བྱུང་བ་སོགས་དམངས་འཚོ་འགན་ལེན་ལ་མི་སེམས་ཟབ་མོ་ཐོབ་པ་ལ་སོགས་པའི་གྲངས་གཞི་དག་ལས“མི་ཡུལ་གྱི་ངོ་མཚར”གྱི་བརྗིད་ཆེའི་ལེའུ་རྒྱུན་ཆད་མེད་པར་རྩོམ་པ་དང་དེང་གི་བོད་ཀྱི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པ་ཟབ་མོ་བཀོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་ཆེ་མོ་མངོན་པར་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་གྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱིས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་བ་དང་རྒྱུན་མཐུད་འབད་འཐབ་བྱེད་པར་རྩ་ཆེའི་ཉམས་མྱོང་བསགས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་ཞིང་རླབས་ཆེ་བ་དང་རྒྱབ་ཕྱོགས་ནས་ཐབས་ཇུས་འདིང་གནང་བ་ཚོར་བ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་བཅས་ཀྱང་ཟབ་མོ་ཚོར་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རྩ་འཛིན་དང་བླ་སྲོག་དེ་སློབ་སྦྱོང་ཇི་ཙམ་ཡག་པ་བྱེད་པ་དང་། གོ་བ་ཇི་ཙམ་ཟབ་མོ་ལེན་པ། ལག་ལེན་ཇི་ཙམ་ཤུགས་ཆེན་བསྟར་བ་བཅས་བྱས་ཚེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཕན་འབྲས་དེ་ཙམ་གྱིས་མངོན་གསལ་དོད་པོ་ཐོབ་པ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་གོམ་སྟབས་དེ་ཙམ་གྱིས་བརྟན་ལ་ཤུགས་ཆེ་བ་ཡོད་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད། འདི་ནི་ང་ཚོས་འགྲན་སློང་བསུ་བའི་གདེང་ཚོད་ཡིན་ལ་འབྱུང་འགྱུར་ལ་ཕྱོགས་པའི་ཡིད་ཆེས་ཀྱང་ཡིན།

    ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་གསར་གཏོད་རང་བཞིན་གྱི་འགོ་བརྩམས་པ་མཚོན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད《རྩ་གནད》 ནང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པར་ཚན་རིག་དང་མཐུན་པའི་ངོས་འཛིན་བྱས་ཐོག གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ལ་གཞི་ཚུགས་ལ་ཕུགས་ལའང་དམིགས་པ་དང་། འཐབ་ཇུས་ཐད་བཀོད་ཇུས་བྱས་ལ་འགག་རྩའི་ཐོག་དོན་འཁྱོལ་ཡང་བྱས་ནས་སླད་ཕྱིན་ལོ་ལྔའི་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། འབད་འཐབ་དམིགས་ཚད། གཙོ་གནད་ལས་འགན་བཅས་ཁ་གསལ་བཟོས་ཡོད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་མཉམ་འདྲེས་བྱེད་པའི་བར་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བར། གནད་དོན་གྱི་སྟོན་ཕྱོགས་ཁ་གསལ་བ་དང་། ལན་ཁ་གསལ་ལ་དངོས་སྒྲུབ་ཡིན་ཞིང་། བརྗོད་དོན་གཙོ་བོར་དམིགས་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་བོད་ཀྱི་ནུས་པ་གཞི་རྩར་བཟུང་ནས་དོན་འཁྱོལ་གྱི“ལས་སྒྲུབ་ཇུས་གཞི”ཁ་གསལ་བཟོས་ཡོད་ལ། མང་ཚོགས་ཀྱི་རེ་སྒུག་དང་དམངས་འཚོའི་བདེ་སྡུག་ལ་དམ་པོར་དམིགས་ནས་མི་དམངས་རྩ་བར་འཛིན་པའི“བདེ་སྐྱིད་ལྡན་པའི་རྣམ་པ”གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

    དུས་རབས་ཀྱི་བརྗོད་གཞི་འདིར་ལན་ཡག་པོ་འདེབས་པར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་། ངོས་འཛིན། བྱ་སྤྱོད་བཅས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བསྐྱར་དུ་བསྡུར་བ་དང། བསྐྱར་དུ་ཟབ་ཏུ་གཏོང་བ། བསྐྱར་དུ་བཀོད་སྒྲིག་བཅས་བྱེད་པ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་འབད་འབུངས་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་གཙོ་རྐང་ལ་དམ་འཛིན་ནན་པོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ། བཟང་ཆ་སྐྱོང་སྤེལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཟབ་གཏོང་གིས་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་དང་མཉས་འདྲེས་བྱེད་པ། དམངས་འཚོ་ལེགས་གཏོང་གིས་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྐྱེ་ཁམས་སྲུང་སྐྱོང་གིས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། མཐའ་སྟོབས་དང་མཐའ་བརྟན་གྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མགྱོགས་པོ་བཅས་བྱས་ཏེ། སྤུས་འབོར་གཉིས་འཕར་གྱི་འཕེལ་ཕྱོགས་དང་། རྒྱུན་མཐུད་ཆེར་གཏོང་གི་བཅོས་སྐྱོང་ནུས་ཕྱོད། རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་དམངས་འཚོའི་བདེ་རྩ་བཅས་ལ་བརྟེན་ནས《རྩ་གནད》ཀྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།