དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    ཟླ་5ཚེས་29ཉིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱི་བགྲང་བྱ་བཞི་བཅུ། འབྱུང་འགྱུར་ལ་ལག་གདང་སྦྲེལ”ཞེས་པའི་བརྗོད་དོན་གཙོ་བོའི“ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་ཀའི་ཕན་འབྲས་མངོན་པར་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་་བསམ་འཆར་དང་གྲོས་འགོ་ཉན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་བྱེད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གདན་དྲངས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིས་ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་12309དང་། གཡང་འཛོམས་ཐད་སྦྲེལ་ཁ་པར། དྲིལ་བསྒྲགས་འགྲེམས་པང་སོགས་ལ་ལྟ་སྐོར་བྱས་པ་རེད།

    བྱེད་སྒོར་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་དང་དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་ལེན་བསྟར་བ། སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་འགན་འཁྲི་བསྒྲུབ་རྒྱུ་ལྟེ་བར་བྱེད་པ། “སྲུང་སྐྱོང་ཆེན་པོ་དྲུག”གི་ལས་ཀའི་བཀོད་པ་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པ། “ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའི”ལམ་ལུགས་རྒྱུན་མཐུད་ཟབ་ཏུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་དྲ་བ་མཉམ་དུ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་ཁྲིམས་སྐྱོང་གི་སྲུང་བཅད་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།