དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨོ་རྩལ་འགྲན་ཚོགས་ཀྱི་ཅ་དངོས་ཁག་142བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་དངོས་སུ་ཉར་ཚགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-01

    ཉེ་ཆར། བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་ཀྲུང་གོ་རང་བྱུང་ཚན་རིག་རྟེན་མཛོད་ཁང་སློབ་ཚོགས་ཀྱིས་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་དང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་མཉམ་དུ་གཉེར་བའི“རི་འཛེག་པ—ཇོ་མོ་གླང་མའི་མེ་མཆོག ཚན་རིག་ལག་རྩལ་གྱི་གཟི་འོད”ཅེས་པའི་འགྲེམས་སྟོན་འགོ་ཚུགས་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཇོ་མོ་གླང་མའི་དམིགས་བསལ་མེ་སོན་གྱི་དཔལ་འབར་རྩིས་སྤྲོད་རྩིས་ལེན་མཛད་སྒོ་གཉེར་བ་དང་། འགྲེམས་སྟོན་དེ་དམངས་ཚོགས་ལ་སྒོ་མོ་ཕྱེ་ཞིང་། པེ་ཅིང་གི་2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཇོ་མོ་གླང་མའི་དམིགས་བསལ་མེ་སོན་གྱི་དཔལ་འབར་སོགས་ཨོ་རྩལ་འགྲན་ཚོགས་ཀྱི་ཅ་དངོས་ཁག་142བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་དངོས་སུ་ཉར་ཚགས་བྱས་པ་རེད།

    གསར་འགོད་པས་ས་ཡུལ་དངོས་ནས་མཐོང་བ་ལྟར་ན། འགྲེམས་སྟོན་ནང“ཁས་ལེན་དང་། འགྲན་སློང་། མཚན་སྙན། རྒྱུན་འཛིན”

    ཞེས་པ་དོན་བརྗོད་གཙོ་བོར་བྱས་ནས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་བསྒྲེངས་པའི་རྔམ་བརྗིད་ལྡན་པའི་རྣམ་པ་ཁྱོན་ཡོངས་ནས་མངོན་པ་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གྱི་འགག་སྒྲོལ་གྲུབ་འབྲས་དང་རི་འཛེག་པའི་སྙིང་སྟོབས་གཅིག་སྡུད་ཐོག་མཚོན་ཡོད། ཀྲུང་གོ་རང་བྱུང་ཚན་རིག་རྟེན་མཛོད་ཁང་སློབ་ཚོགས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ལས་འཛིན་དཔོན་ཞུའེ་ལིས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཞིབ་བཟོའི་འཇིག་རྟེན་འཕུར་སྐྱོད་ཀྱི་རིགས་གཅིག་མཁས་ཅན་23གྱི་སྣེ་ཁྲིད་དེ་བྱེད་སྒོར་ཞུགས་པ་དང་འབྲེལ། རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་དོན་སྙིང་དམིགས་བསལ་ལྡན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཇོ་མོ་གླང་མའི་དམིགས་བསལ་མེ་སོན་གྱི་དཔལ་འབར་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་ལ་དངོས་སུ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།