གོ་ལ་ཧྲིལ་པོར་ཀྲུང་གོར་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་འཕར་དོན་ཅི་ཡིན།

འདི་ནི་ཀྲུང་གོ་འཛུགས་སྐྲུན་ཀུང་སི་ཨེ་ཅིབ་ཡན་ལག་ཀུང་སིས་སྐྲུན་འགན་འཁུར་བའི་ཨེ་ཅིབ་སྲིད་འཛིན་རྒྱལ་ས་གསར་པ་ལྟེ་བའི་ཚོང་དོན་ཁུལ་གྱི་རྣམ་གྲངས་ཡིན་པ།

འདི་ནི་ཟླ་4ཚེས་29ཉིན་ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་ཁའི་ལས་དོན་ཡན་ལག་ཀུང་སིའི་གྲུ་ཁར་གྲུ་གཟིངས་ཤིག་ཁ་བཀག་ནས་ཕྱིར་གཏོང་རླངས་འཁོར་བླུག་བཞིན་པ།

འདི་ནི་ཟླ་3ཚེས་23ཉིན་ཁེན་ནི་ཡའི་ནེ་རོ་པི་རུ་གཉེར་བའི་ཁེན་ནི་ཡར་སྒོ་ཁྲལ་མི་བསྡུ་བའི་ཀྲུང་གོའི་ཚོང་ཟོག་འགྲེམས་སྟོན་འདུ་ཚོགས་ཀྱི་ཡུལ་དངོས་སུ་ཚོང་པས་ཁེན་ནི་ཡའི་ཤིང་འབྲས་ནིའུ་ཡིའུ་གོ་སྟོན་བཞིན་པ།

2026ལོའི(སྐབས་བཅུ་དགུ་པའི)པེ་ཅིང་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་སུ་ཕྱི་རྒྱལ་གྱི་ལྟ་སྐོར་བས་ཀྲུང་གོའི་ནུས་གསར་རླངས་འཁོར་ལ་ལྟ་བཞིན་པ།

འདི་ནི་ཟླ་5ཚེས་7ཉིན་ཕྱི་རྒྱལ་གྱི་ཚོང་པ་དབྱི་ཝུའུ་ཉི་འོད་ནུས་པའི་འོད་ཤུགས་དང་ནུས་གསོག་ཉེར་སྤྱོད་ཐོན་རྫས་འགྲེམས་ཚོགས་དང་དེ་བཞིན་2026ལོའི་དབྱི་ཝུའུ་འཛད་སྤྱོད་གློག་རྡུལ་དང་གློག་ཆས་འགྲེམས་ཚོགས་ལ་ཞུགས་པ།

ཧིན་རྡུ་ཉི་ཞི་ཡའི་ཤིས་ལེང་ནས་པ་ཉིང་མངའ་སྡེ་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ནི་ཀྲུང་གོ་འཛུགས་སྐྲུན་ལམ་ཟམ་ཚོགས་པ་དང་ཧིན་རྡུ་ཉི་ཞི་ཡའི་གཞུང་ཁོངས་ཁེ་ལས་ལས་གྲུབ་པའི་མཉམ་གཉེར་སྒྲིག་གཞིས་མཉམ་དུ་སྐྲུན་འགན་འཁུར་ཞིང་། དེ་ནི་དབན་ཏན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཤིས་ལེང་དང་ཏན་རུང་ལེ་སུང་དཔལ་འབྱོར་དམིགས་བསལ་ཁུལ་འབྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་རེད། འདི་ནི་གཞུང་ལམ་དེའི་ཆི་ལེ་ལེ་སི་ནས་པ་ཉིང་མངའ་སྡེ་བར་གྱི་ལམ་དུམ་ཡིན་པ།
ཉེ་བའི་ལོ་ཤས་རིང་། རྒྱལ་སྤྱིའི་དམངས་འདོད་བརྟག་དཔྱད་བྱས་འབྲས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོར་ཀྲུང་གོར་ཡིད་ཆེས་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་མང་པོའི་དམངས་ཚོགས་ཀྱི་སེམས་ནང་ཀྲུང་གོ་ནི“བློས་འགེལ་ཆོག་པའི་རྒྱལ་ཁབ”དང“རོགས་ཟླ་བློས་ཐུབ”ཡིན་པ་རེད།
ཡིད་ཆེས་བྱེད་ཚད་མཐོ་རུ་འགྲོ་བ་ནི་དུས་ཐུང་གི་བྱས་རྗེས་ཤིག་མིན་པར་ཡུན་རིང་གི་འཐབ་ཇུས་ངེས་ཤུགས་དང་། འཕེལ་རྒྱས་ཀྱི་འཆར་འགོད་གསལ་པོ། དོན་འཁྱོལ་བྱེད་ནུས་ཁྱད་འཕགས་བཅས་ལས་བྱུང་བ་ཞིག་རེད། ཀྲུང་གོས“ལས་དོན་གཅིག་རྗེས་གཉིས་མཐུད་དུ་སྒྲུབ་པའི”མཉེན་གཤིས་ལ་བརྟེན་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་བཟང་ཇི་སྙེད་ཅིག་བཏོད་ཡོད། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་བརྟན་སྲུང་བྱས་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་རྩ་ཆེན་མཁོ་འདོན་བྱས་ཡོད། རྒྱུན་ཆད་མེད་པར་བསགས་པའི་ཡིད་ཆེས་ནི་ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་གི་དྲི་བ་དང་དུས་རབས་ཀྱི་དྲི་བར་ལན་བཏབ་པའི་དཔང་རྟགས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།