རང་རྒྱལ་དུ་རླངས་འཁོར་དུང་ཕྱུར་ལྷག་ཐོན་ཚོང་ཐུབ་པའི་ཁེ་ལས་ཐོག་མ་ཐོན་པ།
ཟླ་5ཚེས་28ཉིན། ཧྲང་ཧའེ་རླངས་འཁོར་ཚོགས་པའི་གོ་ལ་ཧྲིལ་པོའི་སྤྱོད་མཁན་ཨང་དུང་ཕྱུར་དང་པོའི་རླངས་འཁོར་རྩིས་སྤྲོད་ཀྱི་མཛད་སྒོ་གཉེར་ཞིང་། ཀྲི་ཅི་LS9 Hyperརླངས་འཁོར་རྩིས་སྤྲོད་བྱས་པ་དང་ཆབས་ཅིག ཧྲང་ཧའེ་རླངས་འཁོར་ཚོགས་པ་དེ་རང་རྒྱལ་གྱི་རླངས་འཁོར་ལས་རིགས་སུ་རིམ་རྩིས་བརྒྱབ་ན་རླངས་འཁོར་ཐོན་ཚོང་བྱེད་ཚད་དུང་ཕྱུར་1ལས་བརྒལ་བའི་ཁེ་ལས་ཐོག་མར་གྱུར་ཡོད།
ད་ཐེངས་ཀྱི་རྩིས་སྤྲོད་ནི་གོ་ལ་ཧྲིལ་པོའི་རྒྱུན་མཐུད་བྱེད་སྟངས་སྤྱད་དེ་ཧྲང་ཧའེ་རླངས་འཁོར་ཚོགས་པའི་ཁོངས་གཏོགས་ཀྱི་རླངས་འཁོར་སྤུས་རྟགས་10ལྷག་ཙམ་དང་རླངས་འཁོར་བཟོ་དབྱིབས་19རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་མང་པོར་དུས་གཅིག་ཏུ་རྩིས་སྤྲོད་བྱས་ཤིང་། དེ་དག་འགྲུལ་སྤྱོད་དང་ཚོང་སྤྱོད་སོགས་འགྲོ་སྐྱོད་སྣ་མང་ལ་ཁྱབ་ཡོད།
འཐུས་སྒོ་ཚང་བའི་གོ་ལ་ཧྲིལ་པོ་ཅན་གྱི་བཀོད་པ་ལ་བརྟེན་ནས་ཧྲང་ཧའེ་རླངས་འཁོར་ཚོགས་པའི་ལས་སྒོ་དེ་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་ཁྱབ་ཅིང་། ཕྱི་རྒྱལ་དུ་རིམ་རྩིས་བརྒྱབ་ན་རླངས་འཁོར་ཁྲི་700ལྷག་ཙམ་བཙོངས་པ་རེད།
འབྲེལ་ཡོད་གསར་འགྱུར།