དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉམ་ཐག་བྱིས་པའི་ཕན་བདེ་འགན་སྲུང་གི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-31

    གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་དྭ་ཕྲུག་ཁྲི་57དང་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས་འགན་སྲུང་ཚད་གཞི་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། དེའི་ནང་བྱིས་པའི་ཕན་བདེའི་སྒྲིག་གཞིའི་ནང་གཅིག་སྡུད་གསོ་སྐྱོང་བྱས་པའི་དྭ་ཕྲུག་གི་ཆ་སྙོམས་འགན་སྲུང་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་2069.9དང་། སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་དྭ་ཕྲུག་གི་ཆ་སྙོམས་འགན་སྲུང་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་1606.8 དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་ཆ་སྙོམས་འགན་སྲུང་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་1593.4བཅས་ཡིན་པ་རེད། ས་གནས་ཁག་གིས་དྭ་ཕྲུག་དང་དངོས་སུ་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་གཞི་རྩའི་འཚོ་བའི་གྲོན་དངུལ་དུས་ཐོག་དང་འདང་ངེས་སྤྲད་ནས་ཁོང་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱེད་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།