དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཅང་གིས་ཡུན་རིང་ལྟ་སྐྱོང་བ་མི་ཐེངས་ཁྲི་1.5ལ་གསོ་སྦྱོང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-31

    ཚེས་25ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མཉམ་དུ་བརྡ་ཐོ་བཀྲམ་ནས། 2026ལོ་ནས་2028ལོ་བར་ཡུན་རིང་ལྟ་སྐྱོང་བ་མི་ཐེངས་ཁྲི་1.5ལ་གསོ་སྦྱོང་བྱས་ཏེ་ཡུན་རིང་ལྟ་སྐྱོང་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་སྐུད་འདེད་བཏང་སྟེ། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ཡུན་རིང་ལྟ་སྐྱོང་ཞབས་ཞུའི་ཤེས་ལྡན་པའི་སྤུས་འདེགས་ཤོང་སྐྱེད་ཀྱི་དགོས་མཁོ་སྐོང་དགོས་ཞེས་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་བསྟན་དོན། གསོ་སྦྱོང་ལས་དོན་སྤེལ་རིང་ཡུན་རིང་ལྟ་སྐྱོང་དང་། རྒན་གསོའི་ཞབས་ཞུ། སྨན་བཅོས་ནད་གཡོག་སོགས་ཁྱབ་ཁོངས་ལ་དམིགས་ནས“ལག་རྩལ་གྱིས་མདུན་ལམ་གསལ་བར་བྱེད་པའི”གསོ་སྦྱོང་བྱ་སྤྱོད་ལག་བསྟར་སྣེ་ཁྲིད་དུ་བྱེད་པ་དང་། ལས་རིགས་རྩལ་ནུས་རིམ་པའི་གདེང་འཇོག་ལས་དོན་རྒྱུན་མཐུད་གཏིང་ཟབ་དང་ཚད་ལྡན་དུ་གཏོང་བ། བྱང་ཚད་མཐོ་བ་དང་རྩལ་ནུས་བྱང་ཆུབ་པའི་ཡུན་རིང་ལྟ་སྐྱོང་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་གཏོད་པ་བཅས་བྱས་ཏེ། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པ་དང་། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།