ངར་སེམས་ཆེར་སྐྱེད་གཟི་མདངས་འཕྲོ་བར་བྱས། གངས་ལྗོངས་ས་མཐོར་སླར་ཡང་ལེའུ་གསར་བརྩམས།
—— རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་རིག་གནས་མཉམ་འཁྲབ་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་ཉང་ཆུ་སྡེ་ཁུལ་གྱི་ལས་དོན་པས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱི་རྣམ་པའི་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་བཞིན་པ།

འདི་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་དམིགས་བསལ་མི་སྣར་གཅིག་སྡུད་བསྙེན་བཀུར་བྱེད་པའི་ལྟེ་གནས་ཀྱིས་རྒན་འཁོགས་ཚོར་ངོ་བཤེར་དང་། ཆ་འཕྲིན་བདེན་མིན་ཞིབ་བཤེར། ཐོབ་ཐང་ལ་ལྟ་བ་སོགས་ཀྱི་དཔང་ལེན་ར་སྤྲོད་བྱས་ཏེ། ཁང་དེའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་འཁོགས་ཀྱི་རྒན་གསོའི་ཐོབ་ཐང་ལ་གཅིག་སྡུད་དཔང་ལེན་ར་སྤྲོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་པ།

འདི་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི“མི་བརྒྱ་དང་བྱེད་སྒོ་སྤེལ་ཡུལ་སྟོང་། ས་ཚིགས་ཁྲིར་སྐྱོད་པ”རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་གཅིག་སྡུད་དཔེ་མཚོན་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ནི་ནག་ཆུ་གྲོང་ཁྱེར་གྱི་སྒྲོག་འགྲེལ་ཚོགས་པ་འབྲི་རུ་རྫོང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བསྐྱོད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་མངོན་དགའ་ཡུག་ཁུལ་གྱིས་སྲོལ་རྒྱུན་གྱི་རྟ་རྒྱུག་བྱེད་སྒོ་སྤེལ་བཞིན་པ།

འདི་ནི“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་པའི”ཟླ་བ་མི་རེ་ངོ་རེའི་སྒྲོག་འགྲེལ་དང“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི”སྒྲོག་འགྲེལ་བྱེད་སྒོ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བར་འཁྲབ་སྟོན་པས《པི་ཝང་ཞབས་བྲོ》འཁྲབ་བཞིན་པ།
ཟླ་5ཚེས་23ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་ང་ཚོས་བསུ་བ་ཞུས་ཡོད། ཉིན་ཤས་བསྟུད་མར་གངས་ལྗོངས་ས་མཐོའི་གང་སར་བཀྲ་ཤིས་འཆམ་མཐུན་གྱི་རྣམ་པས་ཁེངས་ཏེ། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རིག་རྩལ་མཉམ་འཁྲབ་དང་། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། རིག་གནས་དམངས་ཕན་སོགས་ཀྱི་རྣམ་པའི་ཐོག་ནས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
ལྷ་ས་གྲོང་ཁྱེར་གྱི་རྟེན་འབྲེལ་མཛད་སྒོ་སྣ་མང་ཕུན་སུམ་ཚོགས་ཤིང་། ཟླ་5ཚེས་22ཉིན་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་ཏེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྱབ་གདལ་བཏང་སྟེ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དམངས་སེམས་ལ་ཟུག་པར་བྱས་པ་མ་ཟད། བྱིས་པའི་ལྷ་མོའི་འཁྲབ་སྟོན་དུས་གཅིག་ཏུ་འཁྲབ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་སྟོབས་ཤུགས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་ཚ་ཚ་འུར་འུར་ངང་བྱས་ཤིང་། དེའང་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་པ་དང་། ཁྱད་ལྡན་རིག་རྩལ་འཁྲབ་སྟོན། དྲོ་སྐྱིད་ལྡན་པའི་འཚམས་འདྲི་སོགས་ཀྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ནས་རྒྱལ་གཅེས་ཏང་གཅེས་ཀྱི་བརྩེ་བ་སྔར་བས་ཟབ་ཏུ་བཏང་བས། ལས་བྱེད་པ་དང་མང་ཚོགས་དབར་གྱི་བརྩེ་བ་ཟབ་ཏུ་སོང་སྟེ་ལག་གདང་སྦྲེལ་ནས་འབད་འཐབ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་གྱི་རྟེན་འབྲེལ་བྱེད་སྒོའང་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ཕུ་ཤར་གྲོང་ཚོས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དམངས་ཕན་གྱི་སྲིད་ཇུས་གསལ་འགྲེལ་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་སློབ་ཆུང་གིས་རིག་རྩལ་བྱེད་སྒོ་སྤེལ་ཏེ་ལོ་ཆུང་གི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བར་བྱས་པ་མ་ཟད། དིང་རི་རྫོང་ཤེལ་དཀར་གྲོང་རྡལ་མངོན་དགའ་ཡུག་ཁུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་བྱེད་སྒོ་སྤེལ་ཞིང་། མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་རྟ་རྒྱུག་བཏང་ནས་ས་མཐོའི་དམངས་སྲོལ་གོམས་གཤིས་གང་ལེགས་མངོན་པར་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱིས་གཞི་རིམ་གྱི་སྒྲོག་འགྲེལ་ཞབས་ཞུ་ཏན་ཏིག་སྤེལ་ཞིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉང་ཆུ་སྡེ་ཁུལ་གྱིས་སྒོ་རའི་གླེང་མོལ་གྱི་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འཕེལ་རྒྱས་ཀྱི་གཏམ་རྒྱུད་བརྗོད་པ་དང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་སྒྲོག་འགྲེལ་དང་དེ་བཞིན་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོར་བརྟེན་ནས་མང་ཚོགས་ཀྱི་སྒོ་རྩར་སྲིད་ཇུས་སྒྲོག་འགྲེལ་དང་དམངས་ཕན་ཞབས་འདེགས་ཞུས་པ་རེད།
ནག་ཆུ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་དྲན་གསོ་ཞུ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། སྒྲོག་འགྲེལ་ཚོགས་པས་འབྲི་རུ་རྫོང་གི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཨ་མདོ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་སར་བརྟེན་ནས་དྲ་ཐོག་དང་དྲ་ཕྱིར་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་གཡུར་ཟའི་གྲུབ་འབྲས་དངོས་འབྲེལ་མཚོན་པར་བྱས་ཡོད།
ལོ་ངོ་དོན་ལྔར་ཞུམ་མེད་མདུན་སྐྱོད་བྱས། གངས་ལྗོངས་ས་མཐོའི་རྣམ་པ་གསར་པར་བསྒྱུར། རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དྲིན་ཚོར་འབད་འབུངས་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། བློ་གཅིག་སེམས་གཅིག འབད་འབུངས་མདུན་སྐྱོད་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།