སྒོར་གཞས་འཁྲབ་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ།

འདི་ནི་མཚོ་སྣ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གིས་ཞབས་བྲོ་འཁྲབ་བཞིན་པ།
ཉེ་ཆར“བདེ་སྐྱིད་ལྡན་པའི་ལྷོ་ཁ་གསར་པ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་ལྷོ་ཁ་གྲོང་ཁྱེར་གྱི་2026ལོའི་དམངས་ཡོངས་ཀྱི་སྒོར་གཞས་འགྲན་བསྡུར་སྐབས་གཉིས་པ་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་འཐུས་མི་རུ་ཁག་13མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་སྲོལ་རྒྱུན་སྒོར་གཞས་ཀྱི་ཉམས་འགྱུར་དང་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མཉམ་འདྲེས་དམ་ཟབ་བྱས་ནས། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
འབྲེལ་ཡོད་གསར་འགྱུར།