དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་གི“ཨའེ་ཏ·ས་དབུས་རྒྱ་མཚོ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུ་ཆིང་ཏའོ་རུ་འབྱོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-30

    ཟླ་5ཚེས་21ཉིན། “ཨའེ་ཏ·ས་དབུས་རྒྱ་མཚོ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུ་ཆིང་ཏའོ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མར་ཁ་བཀག་པ་དང་། ཉིན་དེའི་དགོང་མོ“སྒྱུ་རྩལ་གྱི་གྲུ་གཟིངས”དེ་དངོས་སུ་སྤྱོད་འགོ་ཚུགས་པ་ལས་ཧན་གོའི་ཧྥུའུ་ཧྲན་དང་ཅི་ཀྲོའུ་ཧྲོང་ཀང་བར་འགྲུལ་སྐྱེལ་བྱེད་འགོ་ཚུགས་པ་དང་དེས་ཆིང་ཏའོ་ཡུལ་སྐོར་མཚོ་གྲུའི་ཡུལ་སྐོར་དུས་ཚིགས་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་གྱི་ཡོད།

    ད་ཐེངས“ཨའེ་ཏ·ས་དབུས་རྒྱ་མཚོ”རྟགས་ཅན་རིམ་སྤོར་བྱས་རྗེས་ཆིང་ཏའོ་རུ་བསྐྱོད་ཐེངས་དང་པོ་ཡིན་ཞིང་། ཆིང་ཏའོ་ཡི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འདི་ནི་ཟླ་5ཚེས་21ཉིན“ཨའེ་ཏ·ས་དབུས་རྒྱ་མཚོ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུ་ཆིང་ཏའོ་མཚོ་དོན་ཅུས་ཀྱི་མཚོ་ཐོག་སྐོར་གཡེང་གྲུ་གཟིངས་ཀྱི་སྲུང་སྐྱེལ་འོག་ཆིང་ཏའོ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མའི་ཕྱོགས་སུ་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།