དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་པི་སི་ཁེག་ཏུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-30

    ཟླ་5ཚེས་27ཉིན། “ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཀྲུང་ཁེར་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཁེར་གྷི་སི་ཐན་གྱི་གྲོང་ཁྱེར་པི་སི་ཁེག་ཏུ་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་འཐུས་མི་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་སོགས་མི་བརྒྱ་ལྷག་ཙམ་ཚོགས་འདུར་ཞུགས་ནས་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་དང་། མི་ཆོས་རིག་གནས་སྤེལ་རེས། སྨྱན་སྦྱོར་མཉམ་ལས་སོགས་ཀྱི་གྲོས་གཞིར་སྤེལ་རེས་དང་ཞིབ་བསྡུར་གཏིང་ཟབ་བྱས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་དུས་སྐབས་གསར་པའི་ཀྲུང་ཁེར་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་ཟབ་ཏུ་ཕྱིན་པས། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་། ཐུན་མོང་གི་རིན་ཐང་འདུ་ཤེས་ཆགས་པར་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་ཐུན་མོང་གི་རེ་འདོད་གཅིག་ཏུ་འདུ་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་ཁེར་གྱི་ཁྱིམ་མཚེས་མཛའ་གྲོགས་དང་གཉིས་ཁེ་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་བརྗོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས་ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ཏེ། དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་སྨྱན་སྦྱོར་གྱིས་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་སྟེ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དམངས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་བཏང་ནས། དེ་བས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་ཁྱིམ་གཞིས་སྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཁེར་གྷི་སི་ཐན་གྱི《དར་ཆའི་ཚགས་པར》ཆ་འཕྲིན་དཔེ་སྐྲུན་ཚོགས་པས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། གླེང་སྟེགས་སུ་གཙོ་དོན་གཏམ་བཤད་དང་གྲལ་སྒོར་གླེང་མོལ་སོགས་བཀོད་སྒྲིག་བྱས་པ་དང་། 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཞོན་ནུས་དོ་ཁུར་བྱེད་ཕྱོགས་སྐོར་གྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ། ཀྲུང་ཁེར་སྨྱན་སྦྱོར་གྱིས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པར་མཉམ་འབྲེལ་བཅར་འདྲིའི་འགོ་ཚུགས་མཛད་སྒོ་དང“གཅིག་ལ་གཅིག་བརྟེན། དམངས་སེམས་གཅིག་མཐུན”ཞེས་པའི་ཀྲུང་ཁེར་གྱིས་ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པའི་པར་རིས་འགྲེམས་སྟོན་དང་འཛམ་གླིང་སྐབས་དོན་ཚགས་པར“ཕྱི་རྒྱལ་གྱི་ཀྲུང་གོའི་གཟའ་འཁོར”ཞེས་པའི་ཁེར་གྷི་སི་ཐན་འབབ་ཚུགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།