དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གྲོས་མོལ་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དང་མཉམ་ལས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཧྲང་ཝུན།   |     སྤེལ་དུས།  2026-05-30

    ཉེ་ཆར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཧྲང་ཧའེ་རུ་འཚོགས་ཤིང་། ད་རེས་ཀྱི་ཚོགས་འདུར་ད་ལོའི་APECམཉམ་ལས་ཀྱི་དུས་འགོའི་གྲུབ་འབྲས་གཅིག་སྡུད་བྱས་པ་དང་འབྲེལ་ལོ་སྨད་ཀྱི་བྱེད་སྒོ་ཁག་དང་འགོ་ཁྲིད་མི་སྣའི་ཚོགས་འདུ་ཡག་པོ་འཚོག་པར་རྨང་གཞི་བཏིང་ཡོད། ཚོགས་ཞུགས་དཔལ་འབྱོར་སྡེ་གཞི་ཁག་གི་མཐོ་རིམ་དཔོན་རིགས་དང་འབྲེལ་ཡོད་མི་སྣས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཚོགས་འདུས་APECཡི་ཁོངས་མིའི་རྒྱལ་ཁབ་ཁག་ལ་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བར་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ཡོད། ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པ་དེ་དམིགས་ཚད་ནས་བྱ་སྤྱོད་ལ་སྒྱུར་བ་དང་འཆར་གཞི་ནས་དོན་དངོས་སུ་སྒྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    མོ་ཞི་ཁོའི་དཔལ་འབྱོར་པུའི་ཕྱི་ཕྱོགས་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་དང་འཆར་འགོད་དང་གྲོས་མོལ་ཐབས་ཇུས་སིའི་སི་ཀྲང་ཧོ་སའེ·ཨར་པེ་ཐུའོ་ཡིས་བརྗོད་དོན། APECཡིས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་མཉམ་ལས་ལ་གཞོལ་ནས་དཔལ་འབྱོར་སྡེ་གཞི་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་སྨོས་ཅི་དགོས། རྙོག་འཛིང་ཆེ་བའི་འགྲན་སློང་གི་མདུན་དུ་དཔལ་འབྱོར་སྡེ་གཞི་ཁག་གིས་མཉམ་ལས་དང་མཉམ་སྤྱོད་བྱས་ཏེ་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་གི་མཉེན་ཤུགས་ཆེ་རུ་གཏོང་དགོས།

    ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཨ་ཧྥེ་རི་ཁ་སིའི་སི་ཀྲང་སཱ་ཐུའོ·ཏ་མོ་སུའུ་མ་ཐུའོ་ཡིས་APECཡི་སྒྲོམ་གཞིའི་འོག་དཔལ་འབྱོར་སྡེ་གཞི་ཁག་མཉམ་དུ་འཛོམས་ནས་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་ཚོང་དོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གཞོལ་བར་ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། “ཀྲུང་གོ་ནི་2026ལོའི་APECམགྲོན་བདག་རྒྱལ་ཁབ་ཡིན་པས་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ས་ཁོངས་དེ་བས་སྟོབས་ཆེ་གཏོད་པ་དང་དེ་བས་རང་མོས་ཀྱི་ཚོང་དོན་མཉམ་ལས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད་པ་རེད།

    APECཚོང་དོན་དང་མ་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་ཧུའུ་ལི་ཨའོ·ཁྲེན་གྱིས་བརྗོད་དོན། “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་བས། དེའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་བྱེད་རིན་ཡོད། དུས་ཡུན་རིང་པོའི་ནང་ཁྱབ་ཁོངས་དེའི་ཐད་ཀྱི་ཀྲུང་གོའི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ད་ལོ་ཀྲུང་གོས་APECམགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་ནས་ཕྱོགས་ཁག་ལ་ཚོང་དོན་དང་མ་འཇོག་མཉམ་ལས་གཏིང་ཟབ་བྱ་རྒྱུར་གོ་སྐབས་གལ་ཆེན་བཏོད་ཡོད”

    ཆི་ལིའི་ཕྱི་འབྲེལ་པུའི་ཕྱོགས་མང་དཔལ་འབྱོར་སིའི་སི་ཀྲང་ཧྥེ་ལི་ཕེ·ཨེན་ལི་ཁེ་སིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོ་ཁག་ནི་དཔལ་འབྱོར་སྡེ་གཞི་ཁག་གི་དོ་ཁུར་དང་མཐུན་ཡོད། ཧྲང་ཧའེ་ནས་པེ་ཅིང་བར་དང་དེ་ནས་ཧྲེན་ཀྲེན་བར་ཀྲུང་གོས་APECམགྲོན་བདག་རྒྱལ་ཁབ་ཀྱི་འགན་ཐེངས་གསུམ་པ་འཁུར་ཡོད། APECཡི་སྙིང་སྟོབས་ཀྱི་སྣེ་ཁྲིད་འོག་ཀྲུང་གོ་ཕྱོགས་ཀྱིས་བསྐྲུན་པའི་སྒོ་དབྱེ་དང་ལྷག་བསམ་ཟོལ་མེད་ཀྱི་གླེང་མོལ་ལས་སྟེགས་ལ་བརྟེན་ཚེ་ཕྱོགས་ཁག་གིས་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་ཏུ་སྒྲིལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།