2026ཀྲུང་འཇར(ཡོ་རོབ)མངོན་མེད་རྩེར་སོན་ཁེ་ལས་ཀྱི་གླེང་སྟེགས་འགོ་ཚུགས་པ།

ཉེ་ཆར། པེ་ཅིང་གི་ཀྲུང་འཇར་ཐོན་ལས་མཉམ་ལས་གླེང་སྟེགས་ཏེ། 2026ཀྲུང་གོ་དང་འཇར་མན(ཡོ་རོབ)གྱི་མངོན་མེད་རྩེར་སོན་ཁེ་ལས་ཀྱི་གླེང་སྟེགས་པེ་ཅིང་ཧྲུན་དབྱི་ཀྲུང་འཇར་རྒྱལ་སྤྱིའི་ཚོགས་འདུའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ལ“མཉམ་འབྲེལ་གསར་གཏོད། མཉམ་འདྲེས་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འཇར་མན་དང་དེ་བཞིན་ཡོ་རོབ་ཀྱི་མངོན་མེད་རྩེར་སོན་ཁེ་ལས་དང་དེ་བཞིན་གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ཀྲུང་གོར་གཞིས་ཆགས་འཕེལ་རྒྱས་གཏོང་བའི“མཐའ་མའི་འགག་གནད”ལ་དམིགས་ཏེ། མཉམ་འབྲེལ་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤེལ་རེས་ལས་སྟེགས་བཏོད་ཡོད། འདི་ནི་2026ཀྲུང་འཇར(ཡོ་རོབ)མངོན་མེད་རྩེར་སོན་ཁེ་ལས་ཀྱི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།