རིག་རྫས་འགྲེམས་ཚོགས་ཐོག་གི་ཚན་རྩལ་ཉམས་སྣང་།

ཉེ་ཆར། ཀྲུང་གོ(ཧྲེན་ཀྲེང)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཉོ་ཚོང་འདུ་ཚོགས་སྐབས་ཉེར་གཉིས་པ་གཉེར་བ་རེད། སྐབས་འདིའི་རིག་རྫས་འགྲེམས་ཚོགས་ཐོག་རིག་གནས་ཐོན་ལས་ཀྱི་གྲངས་རིག་ཅན་གྱི་མཐུན་རྐྱེན་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་ལ་དམིགས་ནས་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་རིག་གནས་ཐོན་ལས་ཀྱི་ཐོན་ཁུངས་དང་གསར་གཏོད་ཀྱི་གཞི་རྒྱུ་འདུས་ཡོད་པ་དང་། “གསར་གཏོད་རྣམ་པ་དོན་འཁྱོལ་དང་། ལག་རྩལ་གསར་ཤོས་ཀྱིས་མཐུན་རྐྱེན་སྦྱོར་བ། གོ་ལ་ཧྲིལ་པོའི་ཐོན་ཁུངས་གཅིག་སྡུད། འཛད་སྤྱོད་ཀྱི་ཉམས་ལེན་རིམ་སྤོར”བཅས་ལྟེ་བར་བྱས་ཏེ“ཐོན་ལས་འགྲེམས་སྟོན”ནས“རིན་ཐང་མཉམ་གཏོད”བར་གྱི་མཆོང་སྐྱོད་བྱུང་སྟེ་དར་སྲོལ་གསར་ཤོས་དང་། གྲངས་རིག་གི་མཐུན་རྐྱེན། ཉོ་ཚོང་གི་དངོས་ཕན་བཅས་ལྡན་པའི་རིག་གནས་ཐོན་ལས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་གཏོད་པར་གཞོལ་ཞིང་། འདི་ནི་ཧྲེན་ཀྲེང་དུ་འཚོགས་པའི་རིག་རྫས་འགྲེམས་ཚོགས་ཐོག་ལྟད་མོ་བས《སན་ཞིང་ཏུའེ་འཚོལ་ཞིབ》ཀྱི་VRཉམས་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།