ཀྲེ་ཅང་གིས་ལས་ཀའི་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་པ།
སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)འཁོར་སྐྱོད་ཀྱི་ནུས་ཆོད་ཆེ་རུ་བཏང་བ།
ཉིན་ཤས་གོང་། 《ཀྲེ་ཅང་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)གི་ཞབས་ཞུའི་ལས་ཀའི་མཛུབ་ཁྲིད》ཁྱབ་བསྒྲགས་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)ནི་སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོའི་དགེ་རྒན་གྱིས་ཆེད་མངགས་སེམས་ཁམས་བདེ་ཐང་ལས་དོན་སྤེལ་ས་ཞིག་རེད། 2020ལོའི་ལོ་མཇུག་ལ་ཀྲེ་ཅང་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་ཚང་མས་ཚད་ལྡན་ཅན་གྱི་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)བསྐྲུན་པའི་ནང་སློབ་གྲྭ་1056གིས་སེམས་ཁམས་བདེ་ཐང་སློབ་གསོའི་དཔེ་སྟོན་ས་ཚིགས་བསྐྲུན་པ་རེད། ཀྲེ་ཅང་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་མཛུབ་ཁྲིད་ལྟེ་གནས་ཀྱིས་བརྟག་ཞིབ་ཀྱི་རྨང་གཞིའི་འོག མིག་སྔའི་སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)འཁོར་སྐྱོད་ཀྱི་ཐད་ལྷག་པའི་གནད་དོན་གསེད་བཀྲོལ་བྱས་པ་དང་། དམིགས་སའི་རང་བཞིན་གྱིས་ལས་ཀའི་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་པ་རེད།
ལས་ཀའི་མཛུབ་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་གྲྭས་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)གིས“གང་ཞིག་བྱེད་ཐུབ་པ”དང“གང་ཞིག་བྱེད་མི་ཐུབ་པ”“ཇི་ལྟར་བྱེད་དགོས་པ”སོགས་ཁ་གསལ་བཟོ་བར་རོགས་རམ་བྱ་རྒྱུ་དང་། སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)ནི་ཚོགས་པའི་སེམས་ཁམས་ཟུར་ཁྲིད་བྱ་ཡུལ་ཙམ་མ་ཟད། ད་དུང་སེམས་ཁམས་བདེ་ཐང་གི་ཁོར་ཡུག་ཡག་པོ་གཏོད་པ་དང་། སེམས་ཁམས་ཟུར་ཁྲིད་རེ་ཟུང་བྱེད་པ། འཇིག་ཉེན་སྔོན་འགོག་དང་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ནུས་ལྡན་དགོས་པ་ཁ་གསལ་བཏོན་ཡོད། སེམས་ཁམས་ཟུར་ཁྲིད་ཁང་གི་ལས་དོན་གྱིས་གསང་བའི་རང་བཞིན་དང་། འཕེལ་རྒྱས་ཀྱི་རང་བཞིན། ཆེད་ལས་ཀྱི་རང་བཞིན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཀྱིས་གསོ་རིག་ནད་བརྟག་གི་ཚབ་བྱེད་མི་ཆོག གཏན་འབེབས་དེ་དག་གིས་སློབ་གྲྭའི་སེམས་ཁམས་ཟུར་ཁྲིད་ཁང(ས་ཚིགས)འཁོར་སྐྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་དང་། སློབ་མའི་སེམས་ཁམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།