དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་འབྲུབ་འགོག་ཐན་འགོག་གི་འཕྲལ་སྡོམ་སྔོན་ཇུས་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-30

    ཉེ་ཆར། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ཀན་སུའུ་ཞིང་ཆེན་གྱི་འབྲུབ་འགོག་ཐན་འགོག་གི་འཕྲལ་སྡོམ་སྔོན་ཇུས》དངོས་སུ་བཀྲམ་ནས་ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་མ་ལག་དང་། སྔོན་འགོག་སྔོན་བརྡའི་ལམ་སྲོལ། འཕྲལ་སྡོམ་བརྡ་ལན་བརྒྱུད་རིམ་བཅས་ཕྱོགས་ཡོངས་ནས་ལེགས་སྒྲིག་རིམ་སྤོར་བྱས་པ་རེད།

    སྤྱོད་འཐུས་ཁྱབ་ཁོངས་ཐད་སྔོན་ཇུས་ནང་ཀན་སུའུ་ཞིང་ཆེན་གྱི་སྲིད་འཛིན་ས་ཁོངས་ནང་ཐོལ་བྱུང་རང་བཞིན་གྱི་ཆུ་ལོག་དང་ཐན་པའི་གནོད་འཚེ་དང་དེ་བཞིན་ཆུ་ལོག་དང་ས་ཡོམ་སོགས་ལས་ཐོན་པའི་ཞོར་ཐོན་གནོད་འཚེ་ཚུད་པའི་ནང་། ཆུ་ལོག་དང་། ཤྭ་འོད། ཐན་པ། ཆུ་མཁོ་སྤྲོད་ཀྱི་ཉམས་ཉེན། ཆུ་མཛོད་རྡིབ་པ། འཁྱིལ་མཚོ་སོགས་ཚུད་ཡོད་པ་རེད།

    རྩ་འཛུགས་བཀོད་འདོམས་མ་ལག་ཐད་སྔོན་ཇུས་ནང་གཅིག་གྱུར་བཀོད་འདོམས་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས“གཅིག་གྱུར་བཀོད་འདོམས་དང་། ཆེད་མངགས་དང་རྒྱུན་གཏན་གཉིས་ལྡན། ཚོར་བ་སྐྱེན་པ། གོང་འོག་མཉམ་འགུལ”བཅས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་འཛུགས་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།

    སྔོན་འགོག་སྔོན་བརྡའི་ལམ་སྲོལ་ཐད་སྔོན་ཇུས་ནང་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་མང་པོའི“མཉམ་འབྲེལ་ལྟ་ཞིབ་ཚད་ལེན་དང་། མཉམ་འབྲེལ་གྲོས་མོལ། མཉམ་དུ་ཞིབ་འཇུག་བརྡར་གཅོད”བཅས་ཀྱི་ལམ་སྲོལ་བཙུགས་ནས“སྔོན་བརྡ་དང་། སྔོན་ཚུད་ཉེན་བརྡ། སྔོན་སྦྱོང་། སྔོན་ཇུས”བཅས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ཡོད།

    འཕྲལ་སྡོམ་དང་ལེན་གྱི་ལྷུ་ཚིགས་ཐད་སྔོན་ཇུས་ནང་དང་ལེན་བྱ་སྤྱོད་དེ་དམའ་བ་ནས་མཐོ་བའི་བར་རིམ་པ་བཞི་ལ་ཕྱེ་བ་དང་འབྲེལ་རིམ་པ་ཚང་མའི་འགོ་འཛུགས་ཆ་རྐྱེན་ཚད་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།