དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་ལྔས་ངལ་རྩོལ་ཐོབ་ཆ་དང་ངལ་གསོ་དང་གུང་གསེང་སོགས་ཀྱི་ནང་དོན་ཐད་གཏན་འབེབས་ཁ་གསལ་བཟོས་པ།

    ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་ལེན་སྔར་བས་ཡག་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆིའུ་ཁྲའོ་དབྱི།   |     སྤེལ་དུས།  2026-05-30

    ཉིན་ཤས་གོང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་སོགས་སྡེ་ཚན་5དང་མཉམ་དུ《ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་ལེན་གྱི་གནས་སྐབས་ལག་བསྟར་གཏན་འབེབས》(གཤམ་དུ《གནས་སྐབས་ལག་བསྟར་གཏན་འབེབས》ཞེས་བསྡུ་རྒྱུ)བཏོན་པ་རེད།

    《གནས་སྐབས་ལག་བསྟར་གཏན་འབེབས》བཟོ་དགོས་དོན་ཅི་ཡིན་ནམ། 《གནས་སྐབས་ལག་བསྟར་གཏན་འབེབས》ནང་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པར་ཁེ་དབང་འགན་ལེན་བྱེད་ཐབས་གང་དག་བཏོན་ཡོད་དམ། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ངལ་རྩོལ་འབྲེལ་བ་སིའི་འགན་འཁུར་བློ་མཐུན་ལ་དེའི་སྐོར་བཅར་འདྲི་ཞུས་པ་ཡིན།

    དྲི་བ། གང་འདྲ་ཞིག་ལ་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པ་ཟེར་རམ། 《གནས་སྐབས་ལག་བསྟར་གཏན་འབེབས》ལག་བསྟར་བྱེད་འཐུས་ཀྱི་ཁྱབ་ཁོངས་གང་འདྲ་ཡིན་ནམ།

    ལན། ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པ་ཞེས་པ་ནི་རང་རྒྱལ་གྱི་ཁྲིམས་བཀོད་ཀྱི་རྒན་ཡོལ་ཞུ་བའི་ལོ་ཚད་ལས་བརྒལ་ཡང་སྔར་བཞིན་ལས་ཀར་ཞུགས་པའི་ངལ་རྩོལ་པར་ཟེར།

    ལག་བསྟར་བྱེད་འཐུས་ཀྱི་ཁྱབ་ཁོངས་ནས་བལྟས་ན། རང་རྒྱལ་གྱི་མངའ་ཁོངས་སུ་ཡོད་པའི་མི་སྤྱོད་ཚན་པས་ཁྲིམས་བཀོད་ཀྱི་རྒན་ཡོལ་ཞུ་བའི་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པ་བསྡུ་ལེན་བྱས་ཏེ་མི་སྤྱོད་ཚན་པའི་ངལ་རྩོལ་དོ་དམ་དང་ལེན་བྱེད་པ་དང་། མི་སྤྱོད་ཚན་པས་བཀོད་སྒྲིག་བྱས་པའི་གླ་ཆ་ཡོད་པའི་ངལ་རྩོལ་པར《གནས་སྐབས་ལག་བསྟར་གཏན་འབེབས》སྤྱོད་ཆོག་ལ། གཏན་འབེབས་དང་མཐུན་པར་སྔ་སྣུར་ནས་རྒན་ཡོལ་ཞུས་པའི་ངལ་རྩོལ་པ་རྒན་ཡོལ་ཞུས་རྗེས་མི་སྤྱོད་ཚན་པས་བསྡུ་སྤྱོད་བྱས་རིགས་ལ་ཡང《གནས་སྐབས་ལག་བསྟར་གཏན་འབེབས》སྤྱོད་ཆོག

    དྲི་བ། 《གནས་སྐབས་ལག་བསྟར་གཏན་འབེབས》ཀྱིས་ཕྱོགས་གང་དག་ནས་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱེད་དམ།

    ལན། ངལ་རྩོལ་ཐོབ་ཆའི་ཐད། 《གནས་སྐབས་ལག་བསྟར་གཏན་འབེབས》ནང་དུས་ཐོག་ཏུ་ངལ་རྩོལ་ཐོབ་ཆ་འདང་ངེས་སྤྲོད་དགོས་པ་དང་། ངལ་རྩོལ་ཐོབ་ཆ་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་མི་ཉུང་བ་སྤྲོད་དགོས་ཞེས་བླང་བྱ་ཁ་གསལ་བཏོན་ཡོད། ངལ་གསོ་དང་གུང་གསེང་ཐད། ཁྲིམས་བཀོད་ལས་ཀའི་དུས་ཚོད་ཀྱི་གཏན་འབེབས་དང་ལོ་རེའི་དུས་ཆེན་དང་དྲན་གསོའི་ཉིན་མོར་གུང་གསེང་གཏོང་བའི་བྱེད་ཐབས་བརྩི་སྲུང་ཞུ་དགོས་པ་དང་། སྤྱིར་བཏང་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པར་ལས་དུས་འཕར་སྣོན་མི་བྱེད་པ་དང་། ལས་དུས་འཕར་སྣོན་བཀོད་སྒྲིག་བྱས་ཚེ་ངལ་རྩོལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་ཞེས་བླང་བྱ་ཁ་གསལ་བཏོན་ཡོད། ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་ཐད། མི་སྤྱོད་ཚན་པས་འོས་ཤིང་འཚམ་པའི་ལས་གནས་དང་ངལ་རྩོལ་ལྕི་ཚད་བཀོད་སྒྲིག་བྱེད་དགོས་པ་དང་ཆབས་ཅིག བདེ་འཇགས་ཐོན་སྐྱེད་དང་ལས་རིགས་འཕྲོད་བསྟེན་གྱི་སློབ་གསོ་དང་སྦྱོང་བརྡར་ཡང་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། ལས་རྨས་འགན་སྲུང་ཐད། མི་སྤྱོད་ཚན་པས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ལོ་ཚད་བརྒལ་བའི་ངལ་རྩོལ་པ་ལས་རྨས་འགན་བཅོལ་ནང་ཞུགས་སུ་འཇུག་དགོས་ཞེས་ཁ་གསལ་བཏོན་ཡོད།

    དྲི་བ། ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པ་མུ་མཐུད་ལས་བཟོ་པའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཆོག་གམ། གྲོན་དངུལ་ཇི་ལྟར་འཇལ་སྤྲོད་བྱེད་དགོས་སམ།

    ལན། ད་ལྟ་སྤྱོད་བཞིན་པའི་སྲིད་ཇུས་ཀྱི་གཏན་འབེབས་ལྟར་ན། ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་སྒེར་ཁྲིམས་བཀོད་ཀྱི་རྒན་ཡོལ་ཞུ་བའི་ལོ་ཚད་ལ་སླེབས་སྐབས། རིམ་བསགས་གྲོན་དངུལ་འཇལ་སྤྲོད་ཀྱི་ལོ་ཚད་དམའ་ཤོས་སུ་སླེབས་མེད་ཚེ་གྲོན་དངུལ་འཇལ་སྤྲོད་ཀྱི་ལོ་ཚད་དམའ་ཤོས་བར་གྲོན་དངུལ་འཇལ་སྤྲོད་བྱེད་ཆོག་པ་དང་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་ཆོག ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་ཆེད《གནས་སྐབས་ལག་བསྟར་གཏན་འབེབས》ནང་གྲོན་དངུལ་འཇལ་སྤྲོད་ཀྱི་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པས་མི་སྒེར་གྱི་ཐོབ་ཐང་ཐོག་ནས་རྒན་གསོ་འགན་བཅོལ་གྱི་དངུལ་མུ་མཐུད་འཇལ་སྤྲོད་བྱེད་ཆོག་པའི་གཏན་འབེབས་ཁ་གསལ་བཟོས་ཡོད། མི་སྤྱོད་ཚན་པ་དང་གྲོས་མོལ་གཅིག་མཐུན་བྱུང་རྗེས་མི་སྤྱོད་ཚན་པས་ཀྱང་དེར་རྒན་གསོ་འགན་བཅོལ་གྱི་དངུལ་འཇལ་སྤྲོད་བྱེད་ཆོག་པ་དང་མི་སྒེར་གྱིས་འཇལ་སྤྲོད་བྱེད་དགོས་པའི་རྒན་གསོ་འགན་བཅོལ་གྱི་དངུལ་མི་སྤྱོད་ཚན་པས་ཚབ་འཐེན་ཚབ་འཇལ་བྱེད་ཆོག དེ་དང་ཆབས་ཅིག་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྡེ་ཚན་གྱིས་ཀྱང་སྒྲུབ་གཉེར་གྱི་སྤྱི་པའི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་ཆ་འཕྲིན་འདྲི་རྩད་ཐབས་ལམ་ཤར་གཏོང་བྱས་ནས་གྲོན་དངུལ་འཇལ་སྤྲོད་ནར་འགྱངས་བྱེད་མཁན་མི་སྣར་ཁྲིད་སྟོན་ཁ་གསལ་བྱས་ཏེ། འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་སྤྲོད་བྱེད་པའི་ཞབས་ཞུ་དེ་བས་ནུས་ཆེ་དང་སྟབས་བདེ་མཁོ་འདོན་བྱེད་དགོས།

    དྲི་བ། ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་ཁེ་དབང་གང་དག་ལ་གནོད་འཚེ་ཕོག་ཚེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་ལ་ཞུ་གཏུག་རྒྱག་ཆོག་གམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་ཞུ་གཏུག་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

    ལན། 《ངལ་རྩོལ་འགན་སྲུང་ལྟ་ཞིབ་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པས་མི་སྤྱོད་ཚན་པ《གནས་སྐབས་ལག་བསྟར་གཏན་འབེབས》ཀྱི་དོན་ཚན་དགུ་པའི་ནང་གསེས་གཉིས་པ་དང་། དོན་ཚན་བཅུ་གཅིག་པ། དོན་ཚན་བཅུ་གཉིས་པ་བཅས་ཀྱི་གཏན་འབེབས་ལས་འགལ་ནས་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་ངོས་འཛིན་བྱས་ཚེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་ཞུ་གཏུག་རྒྱག་ཆོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་ཞུ་གཏུག་འབྱོར་ཚེ《ངལ་རྩོལ་འགན་སྲུང་ལྟ་ཞིབ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་བྱས་ནས་མི་སྤྱོད་ཚན་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།