དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་གསར་སྒྱུར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་ཁྱེར་གསར་སྒྱུར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གྲོང་ཁྱེར་གསར་སྒྱུར་ལས་དོན་གྱི་དམིགས་ཚད་དང་། གཙོ་གནད་ལས་འགན། ལས་གྲྭ་གལ་ཆེན། སྲིད་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་ཡོད།

    《འཆར་འགོད》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས། འཆར་འགོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། སྲུང་སྐྱོང་བྱེད་དགོས་རིགས་ཚང་མ་སྲུང་སྐྱོང་བྱེད་པ། བེད་སྤྱོད་ལ་བརྟེན་ནས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས། ཡུལ་བབ་ལ་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱེད་པ། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བཅས་བྱས་ཏེ། རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་གསར་སྒྱུར་གྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ཁྲིམས་སྲོལ་བཙུགས་ནས་གྲོང་ཁྱེར་གསར་སྒྱུར་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

    《འཆར་འགོད》ནང་བཏོན་དོན། 2030ལོར་སླེབས་སྐབས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་འཕེལ་རིམ་གལ་ཆེན་ཡོང་བ་དང་། གྲོང་ཁྱེར་གསར་སྤེལ་འཛུགས་སྐྲུན་བྱེད་སྟངས་ཕྱོགས་སྒྱུར་ལ་གྲུབ་འབྲས་རགས་ཙམ་ཐོབ་པ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བ། ཞབས་ཞུའི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ། སྒུལ་ནུས་གསར་རྙིང་མགྱོགས་མྱུར་བརྗེ་སྒྱུར་འགྲོ་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་ནུས་ལྡན་བྱེད་པ། ཉམས་འགྱུར་དང་ཁྱད་ཆོས་སྔར་བས་མངོན་གསལ་དོད་པ། བཅོས་སྐྱོང་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་བ་བཅས་བྱས་ཏེ་གྲོང་ཁྱེར་དེ་ཉིད་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་བར་མཐོངས་ལ་འགྱུར་བར་བྱེད་དགོས།

    《འཆར་འགོད》ནང་། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་གཤིས། ཤེས་དཔལ། བློ་རིག་བཅས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ཏེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་མཐོངས་གཏོད་པ། གྲོང་ཁྱེར་འཕེལ་རྒྱས་དེ་ལྗང་མདོག་ཐཱན་ཉུང་ལ་ཕྱོགས་སྒྱུར་ཐུབ་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་བདེ་འཇགས་མཉེན་གཤིས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་ཕྱོགས་6ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་གསར་སྒྱུར་གྱི་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་འཛུགས་སྐྲུན་གཉེར་སྐྱོང་གི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་མ་ལག་འཛུགས་པ། གསོག་ཐེབས་ས་ཆ་ཕན་སྒྱུར་ལ་རྒྱབ་སྐྱོར་དེ་བས་ཆེ་བ་བྱེད་པ། སྡོད་ཁང་གི་སྤྱོད་ཡུན་ཧྲིལ་པོའི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ། བྱེད་པོ་མང་པོ་མཉམ་དུ་ཞུགས་པའི་ལམ་སྲོལ་འཛུགས་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞི་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་ཕྱོགས་7ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད། དེ་དང་ཆབས་ཅིག “ཁང་པ་ཡག་པོ”འཛུགས་སྐྲུན་སྒྱུར་བཀོད་བྱེད་པ་དང་། སྡེ་ཁུལ་ཆ་ཚང་འཛུགས་སྐྲུན་དང་། ཁྱབ་རྒྱ་ཆེར་གཏོང་། སྤུས་འབྲས་ལེགས་གཉེར་བཅས་བྱེད་པ། ཁྲོམ་གཞུང་དང་བཟོ་གྲྭའི་ཁུལ་རྙིང་སྒྱུར་བཀོད་རིམ་སྤོར། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སོགས་ལས་གྲྭ་དང་བྱ་སྤྱོད་གལ་ཆེན་ཁག་14ཁ་གསལ་བཏོན་ཡོད།

    《འཆར་འགོད》ནང་བླང་བྱ་བཏོན་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱི་ཡོངས་ཀྱི་འགན་འཁྲི་འཁུར་བ། གྲོང་ཁྱེར་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་གཏོད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་གའི་གྲོང་ཁྱེར་གསར་སྒྱུར་གྱི་དམིགས་ཚད་དང་། ལས་འགན། བྱ་ཐབས་བཅས་ཁ་གསལ་བཟོ་དགོས། གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་གིས་འགན་འཁྲི་ལག་བསྟར་ཏན་ཏིག་དང་གཙོ་གནད་ལས་འགན་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། ལག་བསྟར་བདེ་བླག་ཐུབ་པའི་འགན་ལེན་བྱེད་དགོས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤྱི་འདོམས་མཛུབ་ཁྲིད་དང་མཐུན་སྦྱོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།