དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་རིམ་རྩིས་བརྒྱབ་ན་དུས་མཚུངས་ལས་18.5%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-30

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་རིམ་རྩིས་བརྒྱབ་ན་GBདུང་ཕྱུར་1420ཟིན་པ་དེ་དུས་མཚུངས་ལས་18.5%འཕར་ཡོད།

    སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་ཅུང་མགྱོགས་པོ་འཕར་ཞིང་། ཟླ་བཞི་པའི་ཟླ་མཇུག་བར། སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་དུད་ཚང་དུང་ཕྱུར་16.24ཟིན་པ་དེ་ལོ་གོང་མའི་ཟླ་མཇུག་ལས་དུད་ཚང་ཁྲི་1416དངོས་སུ་འཕར་ཡོད། ཟླ་བཞི་པར་དུད་ཚང་རེར་ཆ་སྙོམས་སྒུལ་བདེའི་དྲ་སྦྲེལ་གྱི་མཐུད་འཇུག་རྒྱུག་འབོར་ཟླ་རེར་དུད་ཚང་རེར་GB23.17ཟིན་པ་དེ་དུས་མཚུངས་ལས་13.5%འཕར་བ་དང་ལོ་གོང་མའི་ལོ་མཇུག་ལས་ཟླ་རེར་དུད་ཚང་རེར་GB0.13གྱིས་མཐོ་བ་ཡོད།

    སྒུལ་བདེའི་ཟོག་སྦྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་འཕར་ཚད་ཅུང་མགྱོགས་ཤིང་། ཟླ་བཞི་པའི་ཟླ་མཇུག་བར། རྨང་གཞིའི་གློག་འཕྲིན་ཁེ་ལས་3གྱིས་སྒུལ་བདེའི་ཟོག་སྦྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་དུད་ཚང་དུང་ཕྱུར་29.76མང་དུ་བཏང་བ་དེ་ལོ་གོང་མའི་ལོ་མཇུག་ལས་དུད་ཚང་ཁྲི་8763དངོས་སུ་འཕར་ཡོད། དྲ་སྦྲེལ་བརྙན་འཕྲིན་སྤྱོད་མཁན་དུད་ཚང་དུང་ཕྱུར་4.1ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་དུད་ཚང་ཁྲི་145.6དངོས་སུ་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།