གཞི་རིམ་དུ་བསྐྱོད་ནས་བྱ་བ་དངོས་སྒྲུབ། འོས་འགན་སྨན་བཅོས་བྱས་ཏེ་འགན་སེམས་མངོན།

འདི་ནི་སྨན་དོན་མི་སྣས་གྲོང་མིར་ཁྲག་ཤེད་འཇལ་བཞིན་པ།

འདི་ནི་སྨན་དོན་མི་སྣས་གྲོང་མིར་བདེ་ཐང་གི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་འབྲེལ་སོ་སྨན་སོགས་འཚོ་བའི་མཁོ་ཆས་སྤྲོད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཀོན་པོ་ཧྲི་ཁ་སྦུག་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ། དམག་ཁང་སྒོ་རའི་ནང“འབྱོར་ཐོ་གཉིས་དང་ཞབས་ཞུ་གཉིས”ཀྱི་སྤྱི་ཕན་དམངས་ཕན་གྱི་བདེ་ཐང་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། གྲོང་མི་སྒོ་ར་ནས་ཐོན་མི་དགོས་པར་ཆེད་ལས་དང་། བྱམས་བརྩེ། རིན་མེད་བཅས་ཀྱི“གཅིག་འཐུས་རྣམ་པའི”བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས་པས་གྲོང་མི་རྣམས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།