དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ས་ཚིགས་ཀྱིས་བརྗོད་དོན་གཙོ་བོའི་གྲོས་འདོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-30

    ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ས་ཚིགས་ཀྱིས“འཕྲོ་བརླག་ལ་ངོ་རྒོལ། གྲོན་ཆུང་ལ་བརྩི་མཐོང”གི་བརྗོད་དོན་གཙོ་བོའི་གྲོས་འདོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། ལས་དོན་པ་དང་ཞབས་འདེགས་ཞུ་ཡུལ་ཡོངས་ལ་གྲོན་ཆུང་གི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ཁྲིད་སྟོན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་གྲོན་ཆུང་གི་འདུ་ཤེས་མི་སེམས་ལ་ཟུག་པར་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པས་དབང་པོ་སྐྱོན་ཅན་གྱི་ནང་མིར་གྲོན་ཆུང་གི་གྲོས་འདོན་ཡི་གེ་སྤྲད་པ་དང་འབྲེལ། ཆུ་གྲོན་ཆུང་དང་། གློག་སྤྱོད་བདེ་འཇགས། ཟས་སྤྱོད་ཡ་རབས། རྒྱུ་ཆ་གྲོན་ཆུང་བཅས་ཀྱི་ནང་དོན་ཆེན་པོ་བཞིར་དམིགས་ཏེ། ཕྱོགས་ཡོངས་དང་ཞིབ་ཚགས་པའི་སྒོ་ནས་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱས་པ་རེད།

    གྲོན་ཆུང་སྐོར་གྱི་ཤེས་བྱ་དེ་བས་གོ་སླ་བ་དང་ཁོང་དུ་ཡག་པོ་ཆུད་ཆེད། ལས་དོན་པས་རྒྱུན་གཏན་གྱི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ས་གནས་ས་ཐོག་ཏུ་རྒྱུན་གཏན་གྱི་ཆུ་གྲོན་ཆུང་བྱ་ཐབས་ཡག་པོ་དང་། བདེ་འཇགས་ངང་གློག་གྲོན་ཆུང་བྱེད་པའི་རྒྱུན་ཤེས། འབྲུ་རིགས་གྲོན་ཆུང་གི་གོམས་གཤིས་བཟང་པོ། གཞུང་ལས་རྒྱུ་ཆ་ལུགས་མཐུན་བེད་སྤྱོད་བྱ་ཐབས་སོགས་ཚུད་པའི་གྲོན་ཆུང་བྱ་ཐབས་མང་པོ་མཉམ་སྤྱོད་བྱས་ཤིང་། འཚོ་བ་དང་ཉེ་བཅར་གྱི་གསོན་ཉམས་དོད་པའི་གྱོད་དཔེ་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མས་ཤེས་ཐུབ་པ་དང་ཡག་པོ་ངེས་ཐུབ་པར་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་ནི་དོན་དངོས་དང་མཐུན་པ་ཞིག་ཡོད་པས། གྲོན་ཆུང་གི་འདུ་ཤེས་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་ཏེ། ཚང་མའི་གྲོན་ཆུང་གི་རང་རྟོགས་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།